སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཀར་མཛེས་རྫོང་གེ་སར་གྲོང་གི་ཡུལ་སྐོར་ཚོང་གཉེར་དང་འབྲུག་མོས་སྟོན་བསུའི་བྱེད་སྒོ་སྤེལ་ལ་ཉེ།
རྩོམ་པ་པོ། ལྷ་སྒྲོན་མཚོ་ཡིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-10 10:53:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

དཀར་མཛེས་རྫོང་གི་གེ་སར་གྲོང་། 

ལེ་ཚན་འཁྲབ་སྦྱོང་བྱེད་བཞིན་པའི་ཚུལ།
     ཤེས་རྟོགས་བྱུང་བ་གཞིགས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་གེ་སར་གྲོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུའི”བྱེད་སྒོ་ཟླ9བའི་ཚེས16ཉིན་གེ་སར་གྲོང་དུ་སྤེལ་རྒྱུ་དང་། དུས་དེར་ལོ་གཉིས་རིང་ལ་ཞིབ་ཀྱིས་གསར་བསྐྲུན་བྱས་པའི་དཀར་མཛེས་རྫོང་གེ་སར་གྲོང་གི་སྒོ་ཕྱེ་བའི་མཛད་སྒོ་ཡང་སྤེལ་རྒྱུ་རེད།
     དཀར་མཛེས་རྫོང་གི་རིག་གནས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པས་གེ་སར་ལོ་རྒྱུས་སྙན་རྩོམ་དང་། དམངས་སྲོལ་རིག་གནས། ཚོང་དོན་རིག་གནས། ཆོས་ལུགས་རིག་གནས་སོགས་འདུས་ས་ཡིན་ལ། དཀར་མཛེས་རྫོང་ཁོངས་སུ་གེ་སར་རྒྱལ་པོའི་ངག་རྒྱུན་དང་རྗེས་ཤུལ་མང་པོ་ཡོད་ཅིང་། རིག་གནས་ཀྱི་རྨང་གཞི་དེར་བརྟེན་ནས་དཀར་མཛེས་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་བཏང་བ་དང་། རིག་གནས་སྔོག་འདོན་གཏིང་ཟབ་དང་ལས་གཞིའི་ཐུན་མོང་མ་ཡིན་པའི་ཇུས་འགོད་བརྒྱུད་ནས་གེ་སར་གྲོང་གསར་བསྐྲུན་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱ་འགུལ་ཉིན4རིང་ལ་སྤེལ་རྒྱུ་དང་།  “ལོ་རྒྱུས་སྙན་རྩོམ་རྒྱུན་འཛིན། དར་རྒྱས་དུས་རབས་མཉམ་སྤྱོད། འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ”སོགས་བརྗོད་དོན་གཙོ་བོར་བྱས་ཏེ། གེ་སར་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། མི་རིགས་དང་དམངས་ཁྲོད་རིག་རྩལ་འཁྲབ་སྟོན། ལྷ་མོའི་འཁྲབ་སྟོན། “ང་དང་ངའི་མེས་རྒྱལ”ཞེས་པའི་བརྗོད་དོན་གཙོར་འཛིན། གེ་སར་གྲོང་གི་གཟུགས་བརྙན་པ་དཔྱད་འདེམས། མེ་ཏོག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཞི་གཅིག་ཏུ་བསྡུ་རྒྱུ་རེད།
     སྤྲོ་སེམས་རབ་ཏུ་འཁོལ་བའི“དཀར་མཛེས་ཞབས་བྲོ”། ཐུན་མོང་མ་ཡིན་པའི་དཀར་མཛེས་ལྷ་མོ། དབྱངས་རྟ་སྙན་པའི་གཞས་སོགས་ཀྱི་མི་རིགས་རིག་གནས་ཀྱང་ཐེངས་འདིའི་སྟོན་བསུའི་དུས་ཆེན་ནང་སྟོན་རྒྱུ་དང་། གཞན་ཡང་བྱེད་སྒོའི་ནང་དོན་གཙོ་བོར་འཛིན་པའི“གེ་སར་རིག་གནས་དཀར་མཛེས”སུ་གནས་ཞེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་གེ་སར་རིག་གནས་ཆེད་མཁས་པ་དང་མཁས་དབང་མི་སྣ30ལྷག་གདན་འདྲེན་བྱས་ཏེ་དཀར་མཛེས་རྫོང་དུ་གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་ཐད་ལ་གྲོས་བསྡུར་བྱ་རྒྱུ་རེད།
     མིག་སྔར་བྱེད་སྒོའི་རྣམ་གྲངས་ཁག་གི་གྲ་སྒྲིག་བྱ་བ་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...