སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལ་དག་ཐེར་བྱས།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-15 15:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྔར་ལས་ལྷག་པར《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེ་བྱ་བའི་སྲོལ་ཡིག》ལག་བསྟར་དངོས་འབེབ་དང་། སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་པ། ནུས་ལྡན་གྱིས་སྤྱི་ཚོགས་ཀྱི་སྐད་གཉིས་ཡིག་བཀོལ་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་སྐུལ་འདེད་གཏོང་བ། དངོས་གནས་མཚོ་ལྷོ་ཁུལ་གྱི་ཁྲོམ་རའི་ཡིག་བཀོལ་ཁྲོད་གནས་པའི་ཡིག་ནོར་དང་བསྒྱུར་ནོར། ཡིག་གཟུགས་གཅིག་མཐུན་མིན་པ། བསྒྱུར་ཡིག་ཚད་ལྡན་མིན་པ། སྐད་གཉིས་ཡི་གེའི་བསྡུར་ཚད་དོ་སྙོམས་མིན་པ། སྒོ་བྱང་སྒྲིག་བཟོ་ལུགས་མཐུན་མིན་པ། བོད་ཡིག་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར། སྤྱི་ཟླ9བར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་རྫོང་ལྔའི་མི་རིགས་སྐད་ཡིག་ལྟེ་གནས་དང་མཐུན་སྦྱོར་སྒོས་ཁུལ་ཡོངས་སུ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལ་དག་ཐེར་བྱས།
     གཅིག་ནི་རང་རྟོགས་ཀྱིས་སྣེ་ཁྲིད་དེ་ཁུལ་ཡོངས་སུ་ཁྲོམ་རའི་ཡིག་བཀོལ་གཙང་སེལ་བྱ་བ་སྤེལ། ཁུལ་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། 《ཁུལ་ཡོངས་སུ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གཙང་སེལ་དག་ཐེར་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》བཀྲམ་ཞིང་། དག་ཐེར་གྱི་ནང་དོན་དང་ཁྱབ་ཁོངས། ཚད་གཞི། དུས་ཚོད་བཀོད་སྒྲིག་དང་བྱ་བའི་རེ་འདུན་བཅས་གསལ་བོར་བསྟན།
     གཉིས་ནི་ཚན་ཆུང་བགར་ཏེ་གཙང་སེལ་དག་ཐེར་བྱ་བ་སྤེལ། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གཙང་སེལ་དག་ཐེར་གྱི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ལྟེ་གནས་ཀྱི་འགོ་ཁྲིད་དང་ཡིག་སྒྱུར་ཚན་ཁག་གི་འགན་ཁུར་བས་སྣེ་ཁྲིད་དེ་བྱ་བའི་ཚན་ཆུང་གཉིས་རྩ་འཛུགས་སྒོས་རྫོང་སོ་སོའི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གཙང་སེལ་དག་ཐེར་བྱ་བ་སྤེལ་ཞིང་། སྒོས་སུ་ཡུལ་སྐོར་དུས་ཚིགས་སུ་མིའི་རྒྱུ་བ་མང་བའི་མཚོ་སྐོར་གྱི་ཡུལ་ཚོ་དང་གྲོང་རྡལ་ཏེ། རྟ་ནག་མ་དང་ཅང་ཞི། རིག་སྨོན་སོགས་གྲོང་རྡལ་ལ་མཐུན་སྦྱོར་དག་ཐེར་བྱས།
     གསུམ་ནི་ཞིབ་ཕྲའི་གནད་དོན་ལ་བཀའ་ཕབ་སྟེ་ལེགས་བཅོས་བྱེད་པར་སྐུལ་བ། རྫོང་སོ་སོའི་མི་རིགས་སྐད་ཡིག་ལྟེ་གནས་ཀྱིས་འགོ་ཁྲིད་པ་དང་། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་རྫོང་གྲོང་ཁྱེར་དོ་དམ་ཅུའུ་སོགས་སྡེ་ཁག་གི་ལས་སྒྲུབ་མི་སྣ་འཐེན་སྐོང་བྱས་ཏེ་ཁོངས་གཏོགས་སྲང་ལམ་གྱི་སྒོ་བྱང་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གཙང་བཤེར་གནང་ལ།  དེར་གནས་པའི་ཞིབ་ཕྲའི་གནད་དོན་ལ་དུས་བཀག་ནང་ལེགས་བཅོས་བྱེད་དགོས་པའི་བཀའ་ཕབ་སྟེ་ནོར་འཁྲུལ་གཅིག་རྙེད་ན་དེ་མྱུར་དུ་ལེགས་བཅོས་བྱེད་པར་ཁག་ཐེག་བྱས།
     བཞི་ནི་གཙང་བཤེར་དག་ཐེར་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་མཉམ་དུ་སྤེལ། དག་ཐེར་བྱ་བ་སྤེལ་བའི་མཚུངས་སུ། གཙང་བཤེར་དག་ཐེར་ཚན་ཆུང་གིས་ཁེ་ལས་དང་ལས་རིགས་སྡེ་ཁག་དང་། སྒེར་གཉེར་ཚོང་བ་སོགས་ཁྲོམ་རའི་གཙོ་གཞི་དག་ལ་མི་རིགས་སྐད་ཡིག་གི་སྲིད་ཇུས་དང་འབྲེལ་ཡོད་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ། ཁྲོམ་རའི་གཙོ་གཞི་དག་གིས་མི་རིགས་ཀྱི་ཁྲོམ་རའི་ཡིག་བཀོལ་སྲིད་ཇུས་ལ་སྔར་ལས་ངོས་འཛིན་དང་རྒྱུས་ལོན་བྱེད་དུ་བཅུག
     ཕྱོགས་སོ་སོའི་མཐུན་སྦྱོར་འོག རྫོང་སོ་སོའི་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་གཙང་བཤེར་དག་ཐེར་བྱ་བའི་འཕེལ་སྟངས་ལེགས་ཤིང་། རྫོང་སོ་སོའི་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་སུ། བོད་རྒྱ་ཡིག་རིགས་གཉིས་ཀྱི་བེད་སྤྱོད་ཚད98%ཡན་དུ་སླེབས་ཡོད་ལ། མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་འཆམ་མཐུན་དཔལ་ཡོན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཅི་ཐུབ་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...