སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔའ་མཁར་རྒྱལ་ལ་རྒྱལ་ཡོངས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-18 15:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

དཔའ་མཁར་རྒྱལ། ཕོ། བོད་རིགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ།
     སྤྱི་ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དབུལ་སྐྱོར་མཁྲེགས་གཏོར་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དཔའ་མཁར་རྒྱལ་ལ2019ལོའི་རྒྱལ་ཡོངས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་དགའ་ཐོབ། 
     བྱས་རྗེས་གཙོ་བོ། རབ་འོག་མ་སྡེ་བ་ནི་ཕྱུགས་ལས་གཙོ་ཡིན་པའི་ཞིང་ཕྱུགས་མཉམ་གཉེར་གྱི་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ།  དཔའ་མཁར་རྒྱལ་གྱིས་སྡེ་བའི་ཏང་ཀྲི་པུའུ་ཡི་འགན་བཞེས་པའི་རིང་ལ། ཁོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་དང་། ལྷག་པར་དུ་ཅང་སུའུ་ཞིང་ཆེན་གྱི་ས་གནས་སྲིད་གཞུང་དང་ཁེ་ལས་ལ་མཉམ་འབྲེལ་བྱས་ཏེ་སྡེ་བའི་ན་གཞོན་ཕོ་མོ50ལྷག་གི་ལས་གནས་ཐག་གཅོད་བྱས་ནས་ཟླ་རེར་སྒོར4000ནས་6000བར་གྱི་ཡོང་སྒོ་འཕར་བར་ཁག་ཐག་བྱས་པ་མ་ཟད། ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚོང་ལས་གཉེར་ནས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། གཞན་ཡང་སྡེ་སྲོལ་དམངས་ཆིངས་གཏན་འབེབས་བྱས་ཏེ་སྡེ་བའི་མཐུན་སྒྲིལ་དང་འཕེལ་རྒྱས་ལ་གནོད་པའི་ངན་སྲོལ་གཏན་འགོག་བྱས་ཏེ། དཔལ་ཡོན་ལྡན་པའི་སྡེ་སྲོལ་བཙུགས་ནས་རབ་འོག་མ་སྡེ་བ་འཆམ་མཐུན་དང་སྔོན་ཐོན་གྱི་ལམ་དུ་སྣེ་ཁྲིད་བྱས།  ཁོས་སྣེ་ཁྲིད་བཟང་པོར་བརྟེན་ནས2018ལོར་སྡེ་བ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཆ་མཉམ་གྱི་ཡོང་སྒོ་སྒོར11762ལ་སླེབས་པ་དང་། དབུལ་ཕོངས་ཁྱིམ་ཚང59ཡི་དབུལ་བོ181ཡོངས་སུ་དབུལ་ཐར་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...