སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱི་མི་སྒེར2དང་ཚོགས་པ1ལ2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-21 8:35:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     ཟླ10པའི་ཚེས17ཉིན་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་སྐབས་དྲུག་པ་ཡིན་པ་མ་ཟད། རྒྱལ་སྤྱིའི་དབུལ་སེལ་ཉིན་མོ་སྐབས27པའང་ཡིན། ཚེས17ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའི་གཟེངས་བསྟོད་ཚོགས་འདུ་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཞིང་ཆེན་དབུལ་སྐྱོར་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའིིཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་མཁར་རྒྱལ་ལ2019ལོའི་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་བྱ་དགའི་ཡར་ཐོན་བྱ་དགའ་ཐོབ་པ་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུའུ་ལོང་ཀུའུ་འཚེམ་དྲུབ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་སུའུ་ཞའོ་ལིས་ལ2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའི་ལེགས་སྐྱེས་བྱ་དགའ་ཐོབ་ལ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ལ2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའི་རྩ་འཛུགས་གསར་གཏོད་བྱ་དགའ་བཅས་ཐོབ་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གཟེངས་བསྟོད་བྱ་དགའི་དཔྱད་འདེམས་ལས་དོན་བསྟུད་མར་སྤེལ་བའི་ལོ་བཞི་བ་ཡིན་ལ། དཔྱད་འདེམས་ལས་དོན་དེ་ཟླ4པའི་ཚེས12ཉིན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཐོ་འགོད་འོས་སྦྱོར་དང་ཐོབ་ཐང་ཞིབ་བཤེར། ཐོག་མའི་དཔྱད་འདེམས། ཡུལ་དངོས་རྟོག་ཞིབ། སྡེ་ཁག་བསམ་འཆར་བསྡུ་ལེན། དཔྱད་འདེམས་བསྐྱར་ཞིབ། ཞིབ་བཤེར་གཏན་འབེབས་སོགས་ཀྱི་གོ་རིམ་བརྒྱུད་མཐར། ད་ཐེངས་ཀྱི་གཟེངས་བསྟོད་བྱེད་སྒོར་ཡར་ཐོན་བྱ་དགའ་དང་། བྱས་རྗེས་བྱ་དགའ། ལེགས་སྐྱེས་བྱ་དགའ། གསར་གཏོད་བྱ་དགའ། རྩ་འཛུགས་གསར་གཏོད་བྱ་དགའ་བཅས་བྱ་དགའ་ལྔ་གཏན་འབེབས་བྱས་ཡོད་པ་དང་། བསྡོམས་པས2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱ་དགའ་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཚོགས་པ140དཔྱད་འདེམས་བྱས། དེའི་ནང་ཡར་ཐོན་བྱ་དགའ་ཐོབ་མཁན་གྱི་མི25དང་། བྱས་རྗེས་བྱ་དགའ་ཐོབ་མཁན་གྱི་མི26། ལེགས་སྐྱེས་བྱ་དགའ་ཐོབ་མཁན་གྱི་མི25། གསར་གཏོད་བྱ་དགའ་ཐོབ་མཁན་གྱི་མི25། རྩ་འཛུགས་གསར་གཏོད་བྱ་དགའ་ཐོབ་མཁན་གྱི་ཚོགས་པ39བཅས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...