སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མི་རིགས་ཀྱི་རྩོམ་རིག》ལོ10འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། admin དུས་ཚོད། 2019-10-21 8:40:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་དངོས།

ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་གྱིས་གཏམ་བཤད་གནང་བ།

ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་ལི་ཝན་དབྱིན་གྱིས་གཏམ་བཤད་གནང་བ།

བཞུགས་མོལ་ཚོགས་འདུར་ཞུགས་པའི་བོད་རིགས་འཐུས་མི་ཚོས་དྲན་རྟེན་མཉམ་པར་བླངས་པ།
     ཟླ10བའི་ཚེས16ཉིན།《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཁང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“《མི་རིགས་ཀྱི་རྩོམ་རིག》གི་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ་བཅས་ཀྱི་པར་གཞི་བཏོན་ནས་ལོ་10འཁོར་བའི་བཞུགས་མོལ་ཚོགས་འདུ”པེ་ཅིང་དུ་གནས་པའི་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་འཚོགས་པ་རེད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏི་མཱ་ཅ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀེང་ཧྲེང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡེ་མེ། 《མི་རིགས་ཀྱི་རྩོམ་རིག》གི་གཙོ་སྒྲིག་པ་ཧྲི་དབྱི་ཉིང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་གསར་སྐྲུན་པུའུ་ཡི་ཀྲུའུ་རེན་ཕེང་ཞུའེ་མིང་དང་། 《ཀྲུང་གོའི་རྩོམ་པ་པོ》ཡི་དེ་སྔའི་གཙོ་སྒྲིག་པ་ཨའེ་ཁེ་པའེ་ཨེར་སྨི་ཅི་ཐི། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་ལི་ཝན་དབྱིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཤིན་ཅང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལ་ཐི་ཨ་སི་མུའུ། ནང་སོག་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་པའོ་དབྱིང་ཧྲན་སོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། བཞུགས་མོལ་ཚོགས་འདུ་ནི《མི་རིགས་ཀྱི་རྩོམ་རིག》གི་གཙོ་སྒྲིག་པ་གཞོན་པ་ཁྲེན་ཡ་ཅུན་གྱིས་གཙོ་སྐྱོང་གནང་བ་རེད། 
 
     《མི་རིགས་ཀྱི་རྩོམ་རིག》དུས་དེབ་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྐྱོང་བྱས་པ་དང་ཀྲུང་གོའི་རྩོམ་པ་པོ་དཔེ་སྐྲུན་ཚོགས་པས་གཙོ་གཉེར་བྱས་པའི་རྒྱལ་ནང་གི་རྒྱལ་ཡོངས་རང་བཞིན་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཟླ་རེའི་དུས་དེབ་གཅིག་པུ་དེ་རེད། རྒྱ་ཡིག་གི་པར་གཞི་ནི་1981ལོར་གསར་འདོན་བྱས་པ་རེད། 2009ལོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ《མི་རིགས་ཀྱི་རྩོམ་རིག》གི་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ་བཅས་ཀྱི་པར་གཞི་བཏོན་པ་རེད། སྐབས་དེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས“མི་རིགས་རྩོམ་རིག་ཡག་པོ་གཉེར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས”གསུངས་ཡོད།
     《མི་རིགས་ཀྱི་རྩོམ་རིག》སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ་བཅས་ཀྱི་པར་གཞི་གསུམ་དེ་གསར་དུ་བཏོན་པ་ནས་བཟུང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་གསོ་སྐྱོང་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་པའི་དུས་དེབ་གཉེར་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། སོ་སོས་དུས་དེབ་62པར་སྐྲུན་བྱས་པ་དང་། ཡིག་སྒྱུར་བརྩམས་ཆོས་700ལྷག་སྤེལ་ཡོད། དེའི་ནང་དུ་ལའོ་ཧྲེ་དང་། ཝང་ཙེང་ཆིའུ། ཐེ་ཉིང་། མོ་ཡན། ཝང་མེང་། མ་ལ་ཆིན་ཧྥུ། ཅི་ཏི་མཱ་ཅ། མ་ཧྲི་ཅུས། ཡེ་མེ། ཨ་ལེ། ཡེ་ཀོང་ཆི་སོགས་རྒྱལ་ནང་གི་རྩོམ་པ་པོ་700ལྷག་ཙམ་གྱི་བརྩམས་ཆོས་དང་དེ་བཞིན་ཧའེ་མིང་ཝུའེ་དང་། པ་པོ་ལུའུ་ཉེ་ལུའུ་ཏ། ཨའོ་ཨེར་ཧན་ཕ་མོང་ཁེ། ཧྥུ་སྨི་སི་ཐེ་ལ་ཨར། ཐེ་ཀར། ལུའོ་མན་ལུའོ་ལན་སོགས་ཕྱི་རྒྱལ་གྱི་རྩོམ་པ་པོ་བཅུ་ཕྲག་ཁ་ཤས་ཀྱི་བརྩམས་ཆོས་རྩེ་གྲ་བཅས་ཀྱང་ཚུད་ཡོད། སོག་ཡིག་པར་གཞིའི་ཐོག་ད་དུང་ཕ་སྐད་བརྩམས་ཆོས་180ལྷག་ཙམ་སྤེལ་བ་དང་ལོ་ཙཱ་བ་200ལྷག་ཙམ་ཡིག་སྒྱུར་ལས་དོན་ནང་ཞུགས་ཡོད་པ་དང་། བོད་ཡིག་པར་གཞིའི་ཐོག་ཕ་སྐད་བརྩམས་ཆོས་160ལྷག་ཙམ་སྤེལ་བ་དང་ལོ་ཙཱ་བ་140ལྷག་ཙམ་ཡིག་སྒྱུར་ལས་དོན་ནང་ཞུགས་ཡོད། ཡུ་གུར་ཡི་གེའི་པར་གཞིའི་ཐོག་ཕ་སྐད་བརྩམས་ཆོས་140ལྷག་ཙམ་སྤེལ་བ་དང་ལོ་ཙཱ་བ་160ལྷག་ཙམ་ཡིག་སྒྱུར་ནང་ཞུགས་ཡོད་པས། དོན་དངོས་ནས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་རྩེར་སོན་འདུས་པའི་ཁྱིམ་གཞིས་ལྟ་བུར་གྱུར་ནས་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་ཀློག་པ་པོས་མིག་སྔའི་ཀྲུང་གོའི་རྩོམ་རིག་གི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་དང་། དེང་རབས་ཀྲུང་གོའི་རྩོམ་རིག་གི་དར་རྒྱས་གོང་འཕེལ་མཉམ་སྤྱོད་ཐུབ་པས། གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་པ་པོ་དང་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 
 
     ལོ10ཡི་རིང་། དུས་དེབ་ཁང་གིས་པེ་ཅིང་དང་། ཤིན་ཅང་། བོད་ལྗོངས། མཚོ་སྔོན། ནང་སོག ཀན་སུའུ་སོགས་སུ་རྩོམ་ཡིག་པར་གཞི་གསུམ་གྱི་རྩོམ་པ་པོ་དང་ཡིག་སྒྱུར་མཁས་པའི་མ་ཡིག་དག་བཅོས་ཀྱི་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ།  ཞིབ་བསྡུར་ཚོགས་འདུ་བཅས་སོ་སོར་འཚོགས་ནས་རྒྱལ་ཡོངས་ཀྱི་རྩོམ་པ་པོ་གྲགས་ཅན་དང་། རིགས་གཅིག་མཁས་པ། ལོ་ཙཱ་བ་བཅས་གདན་དྲངས་ནས་སློབ་མ་ཚོར་རྩོམ་རིག་གསར་རྩོམ་དང་ཡིག་སྒྱུར་གྱི་ཉམས་མྱོང་སློབ་ཁྲིད་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་པ་པོ་དང་ཡིག་སྒྱུར་མཁས་པའི་རྩོམ་རིག་བྱང་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས་སུ་རྩོམ་རིག་གསར་རྩོམ་དང་ལོ་ཙཱ་བ་གསར་པ་འབོར་ཆེན་ཞིག་ཀྱང་གསོ་སྐྱོང་བྱས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་རྩོམ་རིག་གསར་རྩོམ་དང་ཡིག་སྒྱུར་གྱི་དཔུང་ཁག་ཅིག་བཏོད་པས་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་རིག་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱུང་ཡོད།
     དུས་དེབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་སྟོན་བྱེད་པ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་རིམ་པའི་རྩོམ་རིག་དུས་དེབ་ཀྱི་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། པར་གཞི་གསུམ་གྱིས་ཞིབ་བཤེར་ལྟ་ཀློག་ལྷུ་ཚིགས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ནས་རིགས་གཅིག་མཁས་པ་ཆེད་དུ་གདན་འདྲེན་ཞུས་ནས་ཆབ་སྲིད་དང་། ཆོས་ལུགས། མི་རིགས་བཅས་ཀྱི་ཐད་གནད་འགག་དམ་འཛིན་བྱས་པ་དང་།  དུས་མཚུངས་སུ་རྩོམ་སྒྲིག་དང་རྩོམ་བསྡུའི་ཐད་དྲང་ཕྱོགས་ཀྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་རྩོམ་པ་པོར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཆང་བར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་དེང་སྐབས་ཀྱི་ལོ་རྒྱུས་དང་དངོས་ཡོད་འཚོ་བ་ཡང་དག་པར་མཚོན་པའི་དྲང་ནུས་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཡོད།
 
     སོག་རིགས་ནི་རྒྱལ་མཚམས་ལས་བརྒལ་བའི་མི་རིགས་ཤིག་ཡིན་པའི་ལེགས་ཆ་དེ་སོག་ཡིག་པར་གཞིས་བེད་སྤྱད་ནས་རྣམ་པ་སྣ་ཚོགས་ཀྱི་ཕྱི་ཕྱོགས་ལ་དམིགས་པའི་རྩོམ་རིག་སྤེལ་རེས་བྱས་པ་རེད། མོང་གོལ་རྒྱལ་ཁབ་དུ་དུས་དེབ་འགྲེམས་སྤེལ་བྱས་ནས“མོང་གོལ་རྒྱལ་ཁབ་ཀྱི་རྩོམ་པ་པོའི་བརྩམས་ཆོས་ཆེད་སྒྲིག”ཐེངས་གསུམ་དཔེ་སྐྲུན་བྱས་པ་དང་། ཁྱོན་བསྡོམས་རྩོམ་པ་པོ་52ཀྱི་བརྩམས་ཆོས་འགྲེམས་སྤེལ་བྱས་ནས་རྒྱལ་ནང་གི་ཕ་སྐད་ཀློག་པ་པོའི་ལྟ་ཀློག་གི་མཐོང་རྒྱ་ཆེ་རུ་བཏང་བ་རེད། 2014ལོར་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་མོང་གོལ་རྒྱལ་ཁབ་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མཉམ་དུ་རྩོམ་སྒྲིག་དང་སོག་ཡིག་པར་གཞིས་ཡིག་སྒྱུར་ལས་དོན་གྱི་འགན་འཁུར་བའི《ཀྲུང་མོང་གི་རྩོམ་རིག་བརྩམས་ཆོས་གཅེས་བསྡུས》པར་སྐྲུན་བྱས་པ་རེད། དེ་ནི་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་དང་རྩོམ་རིག་སྤེལ་རེས་ཀྱི་དཔང་པོ་གསར་པ་ཞིག་རེད། 《མི་རིགས་ཀྱི་རྩོམ་རིག》གི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ལས་ཀྲུང་གོའི་དེང་རབས་རྩོམ་རིག“ཕྱིར་སྐྱོད་པའི”ཐབས་ལམ་གསར་པ་བཏོད་དེ་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་འབད་བརྩོན་དང་ལེགས་སྐྱེས་ཕུལ་ཡོད། 
     གཞན་ཡང་ཧ་ཝུན་དང་། ཀྲའོ་ཡན་པིའོ། ཡེ་ཨེར་ཁེ་ཞི་ཁར་པན་པེ་ཁེ། ཀྲེང་ཧྥེང་ཧྲུའུ། པུའུ་རེན་པ་ཡར། ཀུའོ་ཞུའེ་པོ། ཧའེ་ཏེ་ཚའེ། ཨའེ་ཁེ་པའེ་ཨེར་ཝུའུ་ལ་མུའུ། ཚེ་རིང་ནོར་བུ། ཁྲེན་ཀང་ལུང་། ཡར་ཏ། བཀྲ་བྷ། ལྷ་བྱམས་རྒྱལ། ཨའེ་པུའུ། ཨ་ཧོ་མའེ་ཐི། ཝུའུ་མེར་ཅམ་ཝུའུ་ཅི་ཨེ་ཧུ་མའེ་ཐི། ཧ་སེན། ཟླ་བ་ཚེ་རིང་། ཨ་པུའུ་ཏུའུ་ལ། ཁྲེན་ཐའོ། ཀྲང་ཅན། ཡན་དབྱིན་ཞིའུ། ཅིན་ཀེ་སོགས་རིགས་གཅིག་མཁས་པ་དང་རྩོམ་པ་པོའི་འཐུས་མི། དེ་བཞིན་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་དང་རྩོམ་སྒྲིག་པ་སོགས་ཁྱོན་བསྡོམས་མི་70ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...