སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
པདྨ་ཚེ་བརྟན་ལ་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཕུལ་བྱུང་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-28 8:45:00 རྩོམ་ཁུངས། པདྨ་ཚེ་བརྟན་འཕྲིན་སྟེགས། ཀློག་གྲངས།

པདྨ་ཚེ་བརྟན་ལགས་བྱ་འགུལ་ཡུལ་དངོས་སུ་ཕེབས།
      སྤྱི་ལོ2019ལོའི་པེ་ཅིན་གྱི་དུས་ཚོད་ཟླ10ཚེས26ཉིན(ཨ་རིའི་ཅི་ཀ་སྒོའི་ས་གནས་ཀྱི་དུས་ཚོད་ཟླ10ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད8སྟེང)། ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་མཇུག་བསྡུས།
     འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ《དབུགས་ལྒང》ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་རྟིང་རྩོད་སྡེ་ཚན་གཙོ་བོར་ཚུད་དེ་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།
     འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《དབུགས་ལྒང》ནི་ཁ་མཚར་དང་སྐྱོ་སྡུག་གིས་ཁེངས་པའི་གློག་བརྙན་ཞིག་ཡིན་པ་དང། བརྩམས་ཆོས་འདིས་དཔྱད་འདེམས་ཚོགས་པ་ཧང་སངས་པར་བྱས། དེ་དང་ཆབས་ཅིག་ཏུ་ང་ཚོ་འཇིག་རྟེན་འདིའི་སྡེ་གྲོང་གི་རང་མདངས་མངོན་པར་གསལ་བའི་གནས་ཤིག་ཏུ་དབང་མེད་ངང་ཁྲིད།
     ཐེངས་འདིའི་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་སུ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《དབུགས་ལྒང》ཞེས་པ་ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ10ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད5:45སྟེང་ཡོངས་བསྒྲགས་གཟིགས་འབུལ་གནང་། འདི་ཡང་གློག་བརྙན《དབུགས་ལྒང》ཨ་རིའི་རྒྱལ་ཁོངས་ནས་ཐོག་མར་བསྟན་པ་ཡིན་པར་མ་ཟད། ཨ་རིའི་ས་གནས་དེ་གའི་སྤྱི་ཟླ10ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད8:15ཐོག་ཡོངས་བསྒྲགས་གཟིགས་འབུལ་ཐེངས་གཉིས་པ་བྱས།  ཡུལ་དངོས་སུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་མཁན་ཡོངས་ལ་གློག་བརྙན་དང་འབྲེལ་བའི་ལབ་གླེང་བྱས་ཤིང་། གཟིགས་མོ་བ་ཡོངས་ཀྱིས་ཀྱང་བོད་ཡུལ་ནས་འབྱོར་བའི་གློག་བརྙན་བརྩམས་ཆོས་འདི་ལ་གདེང་འཇོག་མི་དམན་པ་གནང་།
      ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་རྟིང་རྩོད་སྡེ་ཚན་དུ་རྒྱལ་ཁབ15ལྷག་ནས་ཐོན་པའི་གློག་བརྙན་བརྩམས་ཆོས16ལྷག་འོས་མིང་དུ་ཚུད་ཡོད་ལ། དེ་ལས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ《དབུགས་ལྒང》ལ་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ། གནས་ཚུལ་འདི་ནི་བོད་ཀྱི་གློག་བརྙན་ལ་ཆ་མཚོན་ནས་བཤད་ན་དངོས་གནས་རྟེན་འབྲེལ་ཞུ་འོས་པ་ཞིག་རེད།
    སྐབས་འདིའི་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བསྡོམས་པས་གློག་བརྙན150ལྷག་ཙམ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གློག་བརྙན་དུས་སྟོན་ཁྲོད་ཚུད་པའི་བརྩམས་ཆོས་རྐྱང་བ་དག་ཡིན་པར་མ་ཟད། འགྲན་རྩོད་ཁྲོད་བྱ་དགའ་ཡང་སྣ་ཚོགས་ཐོབ་པ་དག་རེད། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《དབུགས་ལྒང》ཐེངས་འདིའི་རྟིང་རྩོད་གཙོ་བོའི་སྡེ་ཚན་དུ་ཚུད་ནས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་པ་ནི། བོད་བརྙན་གྱི་ངེས་པ་དོན་གྱི་སྟོབས་ཤུགས་ལས་མངོན་པའི་འབྲས་རྟགས་ཤིག་ཡིན།
     ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན(Chicago International Film Festival)ནི་མེ་གླིང་བྱང་མའི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་ཞིང་གདེང་འཇོག་མཐོ་བའི་གློག་བརྙན་དུས་སྟོན་ཞིག་ཡིན། ལོ་རེའི་ཟླ10པར་སྤེལ་བཞིན་ཡོད་ལ། 1965ལོའི་སྐབས་དང་པོའི་གློག་བརྙན་དུས་སྟོན་ནས་འགོ་བརྩམས་ཏེ་ད་རེག་བར། ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ཉིད་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་གློག་བརྙན་དུས་སྟོན་ཞིག་ཏུ་གྱུར་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...