སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་སའི་མཁར་གྲོང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་གསེབ་སྦྱོང་འཛིན་གྲྭ་བསྡུས།
རྩོམ་པ་པོ། ཨོ་རྒྱན་དོན་འགྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-5 10:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ལྷ་སའི་མཁར་གྲོང་ཁུལ་གྱི་རིག་གནས་ཡུལ་སྐོར་ཅུས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་གསེབ་སྦྱོང་འཛིན་གྲྭ་བསྡུས།
      ཉེ་ལམ། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སྤེལ་བའི2019ལོའི་མཁར་གྲོང་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་གསེབ་སྦྱོང་འཛིན་གྲྭའི་སློབ་ཚུགས་མཛད་སྒོ་དེ་མཁར་གྲོང་ཁུལ་གྱི421ཚོགས་འདུ་ཁང་དུ་སྤེལ། མཁར་གྲོང་ཁུལ་རིམ་པ་ཡན་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ40གསེབ་སྦྱོང་དུ་ཞུགས་པ་དང་། འདི་ནི་མཁར་གྲོང་ཁུལ་གྱི་སྐབས་དང་པོར་བསྡུས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ཕྱོགས་བསྡུས་གསེབ་སྦྱོང་ཅིག་ཡིན། 
      ཐེངས་འདིའི་གསེབ་སྦྱོང་འཛིན་གྲྭ་བརྒྱུད། མཁར་གྲོང་ཁུལ་གྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། མཁར་གྲོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཕན་ནུས་ཆེན་པོ་སྲུང་སྐྱོང་བྱེད་པ། རྒྱུན་འཛིན་པར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱས་ཏེ་ཁྲིད་སྦྱོང་བྱ་འགུལ་སྤེལ་བ་དང་རྒྱུན་འཛིན་པའི་རྒྱུན་འཛིན་ནུས་པ་དང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། 
      གསེབ་སྦྱོང་སྟེང་། ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་གཟུགས་འདས་ཤུལ་བཞག་གི་འགན་འཁུར་བ་དགེ་རྒན་བློ་བཟང་གིས་སློབ་གཉེར་བ་རྣམས་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཅི་ལྟར་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པར་འགྲེལ་བཤད་དང་དེ་མིན་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ནང་དོན་ཅི་ལྟར་ངོས་འཛིན་དང་སྐྱེད་སྲིང་བྱེད་པར་འགྲེལ་བཤད་བྱས། ཐེངས་འདིའི་གསེབ་སྦྱོང་དུ་བསླབ་བྱའི་སློབ་ཚན་ཕུད། ཡུལ་དངོས་ལྟ་ཞིབ་དང་ཉམས་མྱོང་རྗེས་རེས་ཀྱི་བཞུགས་མོལ་སོགས་རྣམ་པ་ལག་བསྟར་བྱས་ཤིང་། རྒྱུན་འཛིན་པ40ཡིས་ཉམས་གཅིག་ཏུ་ཆིང་སྲིད་གཞུང་བོད་བློན་ཆེན་པའི་ཡ་མོན་དུ་སྡོད་པ་དང་ཧེ་མ་ལ་ཡ་ནས་ཐོན་པའི་ལེགས་སྐྱེས་མར་ཁུལ་ལ་ལྟ་ཞིབ་བྱས་རྗེས་ཅི་ལྟར་བྱ་བཞག་གསར་གཏོད་དང་གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཅི་ལྟར་རྒྱུན་འཛིན་དང་སྲོང་སྐྱོང་བྱེད་པར་བཞུགས་མོལ་གྲོས་ཚོགས་བསྡུས། རྒྱུན་འཛིན་པ40ཡིས་རང་ཉིད་ཀྱི་རྒྱུན་འཛིན་བྱ་བར་དམིགས་ནས་བསམ་ཚུལ་བརྗོད་པ་དང་འབྲེལ་ཡོད་རྣམ་གྲངས་རྒྱུན་འཛིན་གྱི་གྲོས་གཞི་བཏོན། 
      མཁར་གྲོང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་འགན་འཁུར་བའི་བཤད་རྒྱུར། རྒྱུན་འཛིན་པ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགན་ལྕི་འཁུར་མཁན་དང་བརྒྱུད་སྤྲོད་མཁན་ཡིན་ལ། རྒྱུན་འཛིན་པའི་སྲུང་སྐྱོང་བྱ་བ་དང་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་བརྒྱུད་སྤྲོད་བྱེད་པར་སྐུལ་འདེད་ནུས་པ་གལ་ཆེན་ལྡན་དགོས། མཁར་གྲོང་ཁུལ་གྱི་རིག་གནས་ཡུལ་སྐོར་ཅུས་མུ་མཐུད་དུ་རྒྱུན་འཛིན་པའི་ཞབས་ཞུའི་བྱ་བ་ལེགས་པོར་བསྒྲུབས་པ་དང་རྒྱུན་འཛིན་པའི་ད་ལྟའི་གནས་ཚུལ་དང་དགོས་མཁོ་ལ་དོ་སྣང་བྱས་ཏེ་རྒྱུན་འཛིན་པའི་སློབ་མར་ལག་རྩལ་བརྒྱུད་སྤེལ་བྱ་ཆེད་སྔར་ལས་བཀོད་བདེ་གར་སྟེགས་བསྐྲུན་དགོས་པ་བཤད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...