སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་རྫོང་གི་པར་བ་པའོ་ཡུང་ཆིན་གྱི་རི་དྭགས་འདྲ་པར《ཝ་འཕྱི་ཁ་སྤྲོད》ལ་འཛམ་གླིང་གི་བྱ་དགའ་ཨང1པོ་ཐོབ།
རྩོམ་པ་པོ། དོན་ཚེས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-11-8 9:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      2019ལོའི་ཟླ10བའི་ཚེས15ཉིན(དབྱིན་ཇིའི་དུས་ཚོད)WPYའགྲན་སྡུར་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2019ལོའི་ལོ་འཁོར་རི་སྐྱེས་སྲོག་ཆགས་པར་ལེན་མཁན་པོའི་བྱ་དགའ་དེ་ཀྲུང་གོའི་པར་བ་པའོ་ཡུང་ཆིན་ལ་གནང་།
      སྤྱི་ལོ1964ལོར་འགྲན་སྡུར་ཆེན་པོ་འདི་གཉེར་བ་ནས་བཟུང་ཀྲུང་གོར་མི3ལ་བྱ་དགའ་ཐོབ་མྱོང་མོད། ལོ་འཁོར་བརྙན་ལེན་མཁན་པོའི་བྱ་དགའ་དེ་ད་སྔ་པའོ་ཡུང་ཆིན་ལས་ཐོབ་མ་མྱོང་། ད་ལོར། ཁོང་གིས་བརྩམས་ཆོས《ཝ་འཕྱི་ཁ་སྤྲོད》ལ་བརྟེན་ནསWPYལོ་འཁོར་བརྙན་ལེན་མཁན་པོའི་བྱ་དགའ་བླངས། འདི་ནི་ཀྲུང་གོས་ཐེངས་དང་པོར་འགྲན་བསྡུར་འདི་ལས་བླངས་པའི་ཆེས་མཐོའི་བྱ་དགའ་ཡིན་པས་སྔར་མེད་ཀྱི་ལོ་རྒྱུས་བསྐྲུན་ཡོད།
      ཁོང་གི་པར་འདི་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཐེམ་ཆེན་རྫོང་ཁོངས་སུ་བླངས་པ་ཡིན་ལ། ཕྲུ་གུ་གསུམ་གྱི་ཝའི་ཨ་མ་ཞིག་གིས་གཟན་འཚོལ་དུས་འཕྱི་བ་ཞིག་དང་འཕྲད་པའི་ཉམས་སྣང་པར་དུ་བླངས་པ་ཞིག་རེད།
      པར་བ་པའོ་ཡུང་ཆིན་གྱིས་བཤད་རྒྱུར། ཀྲུང་གོའི་རི་སྐྱེས་སྲོག་ཆགས་ཀྱི་པར་བ་ཞིག་ཡིན་པའི་ཆ་ནས། རང་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་འཛམ་གླིང་ལ་ངོ་སྤྲོད་བྱེད་ཐུབ་པ་དེ་ཧ་ཅང་གཟི་བརྗིད་ལྡན་པར་བསམ་ལ། ལྷག་པར་དུ་རྒྱལ་ཁབ་གོང་འོག་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བླ་མེད་བྱས་པའི་དྲིན་དང་། མདོ་ལ་རི་བོའི་སྣོད་བཅུད་ཕུན་ཚོགས་དེ་མེད་ན་འདི་འདྲའི་བརྩམས་ཆོས་ཤིག་འགྲུབ་མི་སྲིད་ཅེས་ཟེར། ཁོང་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་དབུ་བཞུགས་པར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། སྐྱེ་ཁམས་དབུ་བཞུགས་པར་བ་ཡིན་ཞིང་། ལོ་མང་པོར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་པར་དུ་བླངས་ཤིང་། བརྩམས་ཆོས་མང་པོ་ཞིག་ལ་རྒྱལ་ཁབ་ཕྱི་ནང་ནས་དགའ་རྟགས་ཐོབ་མྱོང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...