སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རིག་པའི་ཆེད་མཁས་གྲགས་ཅན་ཧྥན་ཏི་ཁཱང་།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-5-7 16:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

范德康  

བོད་རིག་པའི་ཞིབ་འཇུག་ཆེད་མཁས་གྲགས་ཅན་ཧྥན་ཏུ་ཁཱང(Leonard W.J. van der Kuijp)ལགས་ནི་སྤྱི་ལོ1952ལོའི་ཟླ9པར་ཧོ་ལན་དུ་འཁྲུངས་ཤིང་། 1975ལོར་ཁཱ་ན་ཏའི་ས་སི་ཁ་ཁྲི་ཝུན་སློབ་ཆེན(University of Saskatchewan)ནས་བོད་ཀྱི་རིག་གནས་དང་། རྒྱའི་རིག་གནས། སོག་པོའི་རིག་གནས། མཚན་ཉིད་རིག་པ་བཅས་སྦྱངས་ནས་ཤེས་རམས་པའི་ཡོན་གནས་བླངས། 1976ལོར་སློབ་གྲྭ་དེ་གར་བོད་ཀྱི་རིག་གནས་དང་སོག་པོའི་རིག་གནས། མན་ཇུའི་རིག་གནས་སྦྱངས་ནས་རབ་འབྱམས་པའི་ཡོན་གནས་བླངས། 1977ལོ་ནས1979ལོར་འཇར་མན་གྱི་ཧན་པའོ་སློབ་ཆེན་ནས་བོད་ཀྱི་རིག་གནས་དང་རྒྱའི་རིག་གནས། རྒྱ་གར་གྱི་རིག་གནས། མཚན་ཉིད་རིག་པ་བཅས་ཀྱི་འབུམ་རམས་པའི་ཡོན་གནས་བླངས། 1980ལོ་ནས1983ལོའི་བར་བལ་བོའི་ཞིབ་འཇུག་ལྟེ་གནས་སུ་བལ་བོ་དང་འཇར་མན་གྱི་དེབ་ཐེར་བྲིས་མ་བསྡུ་ཉར་གྱི་ལས་གཞིའི་འགན་འཁུར་བའི་འགན་བཞེས་པ་དང་། 1985ལོ་ནས1993ལོའི་བར་འཇར་མན་པའོ་ལིན་སློབ་ཆེན་དང་སེའུ་ཐུའུ་ཝའོ་ཧྲིན་ཐིན་སློབ་ཆེན་སོགས་ནས་དགེ་རྒན་གྱི་འགན་བཞེས། 1995ལོ་ནས་བཟུང་ཧ་བེར་ཏི་སློབ་ཆེན་གྱི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་གི་དགེ་རྒན་ཆེན་མོའི་འགན་བཞེས། དེའི་རྗེའི་ཧ་བེར་ཏི་སློབ་ཆེན་གྱི་སཾསྐྲྀཏའི་སྐད་དང་རྒྱ་གར་རིག་པའི་ཚན་ཁག་གི་ཀྲུའུ་རིན་གྱི་འགན་བཞེས།
  དགེ་རྒན་ཆེན་མོ་ཧྥན་ཏུ་ཁཱང་ལགས་ཀྱི་བརྩམས་ཆོས་ལ། 《བཙན་པོའི་རྒྱལ་རབས་ལ་དཔྱད་པའི་བརྩམས་ཆོས་གསར་བ》ཞེས་པ་དང་། 《དུས་རབས་བཅོ་ལྔ་བའི་ནང་བོད་ལྗོངས་སུ་ཡོད་པའི་རྒྱ་གར་དང་འབྲས་ལྗོངས་ཀྱི་གནས་སྐོར་བ》། 《དུས་རབས11ནས་དུས་རབས13པའི་བར་བོད་བརྒྱུད་ནང་བསྟན་དགོངས་དོན་གྱི་འཕེལ་རྒྱས》སོགས་ཡོད་ལ། མིག་སྔར་ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་རྒྱ་གར་དང་བོད་ཀྱི་ནང་བསྟན་དང་། བོད་སོག་གི་འབྲེལ་བ། བོད་རྒྱའི་འབྲེལ་བ་སོགས་ཡིན་པ་རེད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...