སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རིག་པའི་ཆེད་མཁས་གྲགས་ཅན་ཀྲིན་ཧྲི་མེ་སི་ནི།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-5-13 11:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

  ཀྲིན་ཧྲི་མེ་སི་ནི(Ellis Gene Smith)སྤྱི་ལོ1936ལོའི་ཟླ8པའི་ཚེས10ཉིན་ཨ་རིའི་ཡུག་ཐཱ་ཁུལ་ནས་འཁྲུངས་ཤིང་། སྤྱི་ལོ1959ལོར་ཨ་རིའི་སེའུ་ཐུའུ་ཝའོ་ཧྲིན་ཐིན་སློབ་ཆེན་ཡ་གླིང་ཞིབ་འཇུག་གི་ཤེས་རམས་པའི་ཡོན་གནས་བླངས། 1960ལོ་ནས1964ལོར་སེའུ་ཐུའུ་ཝའོ་ཧྲིན་ཐིན་སློབ་ཆེན་དུ་སོག་སྐད་དང་བོད་སྐད་ཆེད་ལས་ཀྱི་རབ་འབྱམས་པའི་ཡོན་གནས་བླངས། 1964ལོར་འབུམ་རམས་པར་རྒྱུག་འཕྲོད།
  དུས་རབས20པའི་ལོ་རབས60ནང་། ཀྲིན་ཧྲི་མེ་སི་ལགས་ཀྱིས་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་གི་ལས་གཞི་བརྒྱུད་ནས་རྒྱ་གར་དང་། བལ་བོ། འབྲུག་ཡུལ་སོགས་ནས་བོད་ཀྱི་ཡིག་ཆ་པོད4000ལྷག་འཚོལ་བསྡུ་བྱས་ཤིང་། ཡིག་ཆ་འདི་དག་ནི་ཨ་རིའི་རྒྱལ་ཚོགས་དཔེ་མཛོད་ཁང་དང་ཨ་རིའི་སློབ་ཆེན18དུ་ཉར་བའི་ཆེས་སྔ་བའི་བོད་ཡིག་ཡིག་ཆ་ཡིན་པ་རེད། ལོ་ངོ་བཞི་བཅུའི་རིང་ཀྲིན་ཧྲི་མེ་སི་ལགས་ཀྱིས་བོད་ཡིག་ཡིག་ཆའི་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ40ལྷག་སྤེལ་བ་དང་། 《ཝའོ་ཧྲིན་ཐིན་སློབ་ཆེན་གྱི་བོད་ཡིག་ཡིག་ཆའི་དཀར་ཆག》དང《བོད་ཡིག་ཡིག་ཆ་སྟེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལོ་རྒྱུས་དང་རྩོམ་རིག》ཅེས་པ་གཉིས་པར་དུ་བསྐྲུན།
  དུས་རབས20པའི་ལོ་རབས90པར་ཀྲིན་ཧྲི་མེ་སི་ལགས་སོགས་ཀྱིས་ཨ་རིའི་པའོ་སི་ཐིན་ནས་བོད་བརྒྱུད་ནང་བསྟན་རྒྱུ་ཆའི་ཆ་འཕྲིན་ལྟེ་གནས(Tibetan Buddhist Resource Center. TBRCཞེས་བསྡུས་འདུག)བཙུགས་ལ། ཀྲིན་ཧྲི་མེ་སི་ལགས་ཀྱིས་བསྡུ་ཉར་བྱས་པའི་བོད་ཡིག་ཡིག་ཆ་གཙོར་བཟུང་ནས་རྒྱུ་ཆ་བསྡུ་ཉར་དང་རིག་གཞུང་ཞིབ་འཇུག་གཞི་གཅིག་ཏུ་གྲུབ་ཡོད་པར་ཟད། བོད་ཡིག་གི་ཡིག་ཆ་རྩ་ཆེན་དག་འོད་སྡེར་དུ་བརྐོས་ཡོད་པ་དང། TBRCདུ་ཁྱོན་བསྡོམས་བོད་ཡིག་ཡིག་ཆ་པོད12000ལྷག་ཡོད་པ་རེད། TBRCཞེས་པའི་ལས་གཞི་གཞན་ཞིག་ནི་བོད་ཡིག་ཡིག་ཆའི་ཆ་འཕྲིན་དྲ་རྒྱ་བཙུགས་པ་དང་། དྲ་རྒྱ་དེ་གཙོ་བོ་བོད་ཀྱི་རིག་གནས་ཞིབ་འཇུག་པ་རྣམས་ལ་བོད་ཡིག་ལོ་རྒྱུས་ཡིག་ཆའི་དཀར་ཆག་དང་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ་བཤེར་འཚོལ་བྱེད་པའི་ཡོ་ཆས་ཤིག་ཏུ་གྱུར་འདུག


 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...