སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ནཱ་པུ་ལི་སི་སློབ་ཆེན་གཉིས་མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་བཀོད།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-9-19 10:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གཉིས་ མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་བཀོད།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གཉིས་
མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་བཀོད།

     ཟླ9བའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གཉིས་མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་འགོད་པའི་མཛད་སྒོ་དེ་པེ་ཅིང་དུ་བསྡུས་ཤིང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པའམ་ཞིབ་འཇུག་པ་དགྲ་འདུལ་སོགས་མི་སྣ་སྐོར་དང་། དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གྱི་འབྲེལ་ཡོད་མི་སྣ། ཏེ་ཀྲུང་ཧེ་ཞིབ་འཇུག་གླིང་གི་འགོ་གཙོ་རོ་བྷོ་ཐི་ཐོ་ཐོ་ལེ(Prof. Roberto Tottoli)སོགས་འབྲེལ་ཡོད་མི་སྣ་དག་ཆིངས་ཡིག་འགོད་པའི་མཛད་སྒོར་ཞུགས།
     ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་བོད་རིག་པའི་ཞིབ་འཇུག་བྱ་བའི་འགན་ནུས་དང་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཁྲོད་ཀྱི་གོ་གནས་གཙོ་བོ།  དེ་མིན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་འབྲེལ་དང་མཉམ་འབྲེལ་ལས་གཞི་རྣམ་གྲངས་ཀྱི་གནས་ཚུལ་སོགས་མཚམས་སྦྱོར་གནང་།


ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གཉིས་
མཉམ་འབྲེལ་བརྡ་ཡིག་གི་ཆིངས་ཡིག་བཀོད།

     དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རོ་བྷོ་ཐི་ཐོ་ཐོ་ལི་ཡིས་བསྟན་དོན། དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་ནི་དབྱི་ཐ་ལིས་ཤར་ཕྱོགས་ཞིབ་འཇུག་བྱེད་པའི་ཆེས་སྔ་བའི་སློབ་གྲྭ་ཞིག་ཡིན་པ་དང་། ཐེངས་འདིའི་མཉམ་འབྲེལ་དང་གླེང་མོལ་ཁྲོད་ཁོ་རང་ཉིད་ནས་ཤེས་བྱ་མི་དམན་པ་ཐོབ་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་ཁྱབ་ཁོངས་ཀྱི་འབྲེལ་བ་ཡང་མཐོར་འདེགས་སུ་བཏང་། ཐེངས་འདིར་ཆིངས་ཡིག་བཀོད་པ་ནི་ཕྱོགས་གཉིས་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་ཞིག་ཡིན་པ་མ་ཟད། ཕྱོགས་གཉིས་གའི་ཕན་ཚུན་ཡིད་རྟོན་ཡང་ཇེ་ཟབ་ཏུ་བཏང་། དེར་བརྟེན། ཀྲུང་གོའི་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་དབྱི་ཐ་ལིའི་ནཱ་པུ་ལི་སི་སློབ་ཆེན་དུ་སྔར་ལས་མང་བའི་འབྲེལ་འདྲིས་དང་མཉམ་འབྲེལ་ལས་གཞི་སྤེལ་བར་སྨོན།
     ཆིངས་ཡིག་བཀོད་ཚར་རྗེས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་དབྱི་མཉམ་འབྲེལ་དཔེ་སྐྲུན་གྱི་དཔྱད་རྩོམ་ཕྱོགས་བསྡུས《ཏེ་ཀྲུང་ཧེ་ནས་ཧི་མ་ལ་ཡ》ཞེས་པ་དང་ལེགས་སྦྱར་སྐད་ཀྱི་དཔེ་དེབ་ལེགས་སྐྱེས་སུ་ཕུལ་བ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...