སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།
རྩོམ་པ་པོ། སྨན་བླ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-10-10 14:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།
ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།

     སྤྱི་ཟླ10ཚེས9ཉིན་གྱི་དགོང་མོའི་དུས་ཚོད19ཐོག་བསྒྲགས་དོན། 2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཕ་ཐྲི་ཁི་མོ་ཏི་ཡ་ནོ(Patrick Modiano)ལགས་ལ་གནང་འདུག  ཁོང་ནི1945ལོའི་སྤྱི་ཟླ7པའི་ཚེས30 ཉིན་ཕ་རི་སིར་སྐྱེས་ཤིང་། རང་ལོ10པ་ནས་སྙན་ངག་བྲིས། 1968ལོར་ཁོང་གིས་རྩོམ་ཕུད《སྐར་གཟུགས་ཐང་ཆེན》ཞེས་པ་སྤེལ་ཅིང་། སྒྲུང་གཏམ་དེར་རོ་ཀེ་ནེ་མེར་བྱ་དགའ་ཐོབ། 1969ལོར་སྒྲུང་གཏམ《མཚན་སྐོར》ཅེས་པར་རྡོ་རྗེ་ཕ་ལམ་སྨྱུག་རྩེའི་བྱ་དགའ་ཐོབ། 1972ལོའི་སྒྲུང་གཏམ《གླིང་སྐོར་ལམ་ཆེན》ཞེས་པར་ཧྥ་རན་སེའི་སློབ་གླིང་གི་སྒྲུང་གཏམ་བྱ་དགའ་ཆེ་ གྲས་ཐོབ།1974ལོར་གློག་བརྙན་འཁྲབ་ཁྲིད་པ་ལོ་ཡེས་མེར་དང་མཉམ་འབྲེལ་གྱིས་འཁྲབ་གཞུང《ལ་ཁུམ་བྷེ་ལའོ་སེན》ཞེས་པ་བརྩམས་ཏེ་གློག་བརྙན་དུ་ཕབ་སྐྲུན་མཛད་པས། དུས་རབས་སྔ་མའི་ལོ་རབས70བའི་གློག་བརྙན་ཚབ་མཚོན་གྲས་སུ་ཚུད་ཅིང་། ཨོ་སི་ཁཱའི་གསེར་བརྙན་བྱ་དགའ་ཐོབ། 1975ལོའི《གཞིས་ཀ་སྐྱ་བོ》ཞེས་པར་དཔེ་ཚོང་བྱ་དགའ་ཐོབ། 1977ལོར་རང་རྣམ་ཅན་གྱི་སྒྲུང་གཏམ《ཁྱིམ་ཐོ》ཞེས་པ་སྤེལ། 1978ལོའི《མངོན་མེད་ཚོང་ཁྲོམ》ཞེས་པར་གྷང་གུར་རྩོམ་རིག་བྱ་དགའ་ཐོབ།
     ཁོང་གིས་ཆེས་འཛིན་རེག་དཀའ་བའི་མིའི་རིགས་ཀྱི་ལས་སྐལ་གྱི་དྲན་ཤེས་རྨོངས་གཉིད་ལས་སད་དུ་བཅུག་བྱུང་ལ། མིའི་རིགས་ཀྱི་འཚོ་བའི་གསང་རྒྱ་དམར་རྗེན་ལ་བཏོན་ཡོད་ཅེས་བྱ་དགའི་ཤིས་ཚིག་ཕུལ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...