སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨུ་རུ་སུ་རྒྱལ་ཁབ་ཀྱི་རྒྱལ་སའི་དཔེ་མཛོད་ཁང་མེ་ལ་ཤོར་བ།
རྩོམ་པ་པོ། མགོ་ལོག་པ་བློ་བཟང་ཐུབ་བསྟན། རྩོམ་སྒྲིག་པ། Michung དུས་ཚོད། 2015-2-2 10:14:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
       སྤྱི་ཟླ1པའི་ཚེས31ཉིན་ཨུ་རུ་སུ་རྒྱལ་ཁབ་ཀྱི་རྒྱལ་ས་མོ་སི་ཁོ་རུ་དཔེ་མཛོད་ཁང་ཆེན་ཞིག་མེ་ལ་ཤོར་བ་རེད། ས་ཆ་དེའི་དགོང་མོའི་དུས་ཚོད10བར་མེ་ཡི་འཇིགས་པའི་ཉེན་ཁའི་ཀློང་ནས་གནའ་བོའི་རྩ་ཆེ་བའི་དཔེ་དེབ་ཤིན་ཏུ་མང་པོ་དང་དེ་མིན་རྒྱལ་ཁབ་དེའི་ཆབ་སྲིད་གྲོས་ཚོགས་ཀྱི་གྲོས་ཆོད་ཡིག་ཚགས་མང་པོ་སོགས་ཆ་ཚང་མེ་ལ་ཤོར། དུས་ཚོད18རིང་ལ་ཆེད་ལས་མེ་གསོད་རུ་ཁག་དཔུང་ཚོགས་ཀྱིས་མེ་གསོད་ཀྱི་ལས་ལ་ཞུགས་ནས་རིག་དངོས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན། འདི་ནི་མོ་སི་ཁོའི་ལྷོ་ནུབ་མཚམས་སུ་ཡོད་པའི་ཨུ་རུ་སུའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་མི་རིགས་ལས་དོན་ཞིབ་འཇུག་ཁང་གི་ཁོངས་སུ་གཏོགས་པ་ཞིག་ཡིན། དཔེ་མཛོད་ར་བ་འདི་མེ་ལ་ཤོར་བའི་གོད་ཆག་ནི་ཨུ་རུ་སུ་རྒྱལ་ཁབ་ཁོ་ནའི་གོད་ཆག་ཙམ་མིན་ལ་ཁྱོན་ཡོངས་ནས་བསམ་ན་འཛམ་གླིང་ཧྲིལ་བོའི་མི་ཡི་རིགས་ཀྱི་དཔལ་ཡོན་གོད་ཆག་ཅིག་རེད་འདུག
        དཔེ་མཛོད་ཁང་འདི་ནི1918ལོར་གསར་ཏུ་བཙུགས་ཤིང་མོ་སི་ཁོའི་རིམ་པ་གཉིས་པའི་དཔེ་མཛོད་ཁང་ཞིག་ཡིན་ལ། མིག་སྔར་འཛམ་གླིང་དུ་ཅུང་གྲགས་ཆེ་བའི་རྒྱལ་སྤྱིའི་དཔེ་མཛོད་ཁང་ཞིག་ཡིན་ཞིང་འདིར་དཔེ་ཆ་རིགས་མི་གཅིག་པ་ཁྲི་ཚོ1400ལྷག་གི་གནའ་དཔེ་དང་ཡིག་ཚགས་ཡོད་ལ་ཡིག་ཆ་ཕལ་མོ་ཆེ་ནི་ཕྱི་ལོའི་དུས་རབས་གཉིས་པའི་སྐབས་སུ་བརྩམས་གནང་མཛད་པའི་དཔེ་ཆ་རྐྱང་རྐྱང་ཡིན།
       འདི་ནི་ས་གོ་ལ་ཧྲིལ་བོའི་སྟེང་གི་དྲྭ་ཐོག་དཔེ་མཛོད་གི་གལ་གནད་ཟིན་ཡོད་པའི་དཔེ་མཛོད་ཁང་ཞིག་ཡིན་ཞིང་འཛམ་གླིང་གི་རྒྱལ་ཁབ69འདི་ཡི་ནང་དུ་ཡོད། དེར་མ་ཟད་གླིང་ལྔ་མཚོ་བཞི་ཡི་ཐོག་གི་རྒྱལ་ཁབ་དུ་མའི་དཔེ་མཛོད་ཁང་གི་མཉམ་འབྲེལ་ལས་སྒྲུབ་ཁང་དང་དཔེ་ཉར་དཔེ་ཆ་བརྗེ་རེས་བྱེད་སའང་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...