སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་རིས་སའི་གོ་ལ་དང་ཤིན་ཏུ་འདྲ་བའི་གོ་ལ་གཞན་ཞིག་རྙེད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-7-29 9:21:00 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀློག་གྲངས།


སའི་གོ་ལ་དང་ཁེ་ཕུ་ལེར452b

སའི་གོ་ལ་དང་ཁེ་ཕུ་ལེར452b
ཁེ་ཕུ་ལེར452b

     པེ་ཅིང་དུས་ཚོད་ཀྱི་སྤྱི་ཟླ7པའི་ཚེས24ཉིན་གྱི་ནམ་གུང་དུ་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཁང(NASA)གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཨ་རིའི་ཁེ་ཕུ་ལེར(Kepler Mission)ཞེས་པའི་གོ་ལའི་ལྟ་ཞིབ་ཚད་ལེན་རྒྱང་ཤེལ་གྱིས་ཉི་མའི་ཁྱིམ་རྒྱུད་ཕྱི་རོལ་ལས་སའི་གོ་ལ་དང་ཤིན་ཏུ་མཚུངས་པའི་གོ་ལ་གཞན་ཞིག་རྙེད་ཡོད་པའི་གནས་ཚུལ་སྐོར་བསྒྲགས་ཡོད་ཅིང་། གོ་ལ་དེའི་མིང་ལ་ཁེ་ཕུ་ལེར452bཞེས་བཏགས་འདུག
     ཁེ་ཕུ་ལེར452bཞེས་པའི་གོ་ལ་དེས་སའི་གོ་ལ་ལྟར་ཉི་མ་དང་ཤིན་ཏུ་མཚུངས་པའི་རྒྱུ་སྐར་ཞིག་སྐོར་ནས་བགྲོད་ཀྱིན་ཡོད་པ་མ་ཟད། དེ་གཉིས་ཀྱི་བར་ཐག་ཀྱང་སའི་གོ་ལ་དང་ཉི་མ་གཉིས་ཀྱི་བར་ཐག་དང་ཤིན་ཏུ་འདྲ་བ་དང་། དེ་ནི་ད་སྔ་ཤེས་ཟིན་པའི་གོ་ལ་ཡོངས་ལས་སའི་གོ་ལ་དང་ཆེས་འདྲ་བའི་གོ་ལ་དེ་ཡིན་ལ། གོ་ལ་དེར་སའི་གོ་ལ་དང་འདྲ་བའི་དབུགས་ཁམས་ཆེན་མོ་དང་རྒྱུག་ཆུ་སོགས་ཡོད་པའི་ངེས་པ་ཤིན་ཏུ་ཆེ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...