སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བལ་ཨུ་རུ་སུའི་རྩོམ་པ་པོར2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-10-9 8:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བལ་ཨུ་རུ་སུའི་རྩོམ་པ་པོར2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།


བལ་ཨུ་རུ་སུའི་རྩོམ་པ་པོར2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།

     ནོ་པེལ་གཞུང་ཕྱོགས་དྲ་བ་ལས་རྒྱུས་ལོན་པ་ལྟར་ན། ས་དེའི2015ལོའི་སྤྱི་ཟླ10བའི་ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད1:00གི་སྟེང་། སུའེ་ཏེན་སློབ་གླིང་གིས2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་བལ་ཨུ་རུ་སུའི་བུད་མེད་རྩོམ་པ་པོའམ་གསར་འགོད་པ་སི་ཝེ་ཐི་ལན་ནཱ་ཨ་ལེ་ཁི་ཞེ་ཝེ་ཆི(Svetlana Aleksijevitj)ལ་གནང་བ་རེད།
      སི་ཝེ་ཐི་ལན་ནཱ་ཨ་ལེ་ཁི་ཞེ་ཝེ་ཆི་ནི་གསར་འགོད་པ་དང་ལྷུག་རྩོམ་རྩོམ་པ་པོ་ཞིག་ཡིན་ཞིང་། དངོས་བྲིས་རང་བཞིན་གྱི་རྩོམ་རིག་བརྩམས་ཆོས་ལ་ཤིན་ཏུ་དད། བལ་ཨུ་རུ་སུ་ནས་སྐྱེས་ཤིང་ཡབ་ནི་བལ་ཨུ་རུ་སུ་དང་ཡུམ་ནི་ཝུ་ཁི་ལན་གྱི་མི་ཡིན། པར་བསྐྲུན་བྱས་པའི་བརྩམས་ཆོས་ལ། 《དམག་འཁྲུག་གི་བུད་མེད་ངོ་གདོང་མ་ཡིན་པ》ཞེས་པ་དང་། 《མཇུག་མཐའི་དཔང་མི》། 《འཆི་བའི་འབོད་བརྡ》སོགས་ཡོད། བརྩམས་ཆོས་དག་ལ་བསྟུད་མར1998ལོར་འཇར་མན་ལེ་པེ་ཞིའི་དཔེ་ཆའི་བྱ་དགའ་དང་། 1999ལོར་ཧྥ་རན་སིའི“འཛམ་གླིང་དཔང་མིའི”བྱ་དགའ། 2006ལོར་ཨ་རིའི་རྒྱལ་ཁབ་དཔེ་དཔྱད་མིའི་བྱ་དགའ་སོགས་ཐོབ་མྱོང་།
     མོ་དངོས་བྲིས་རྩོམ་རིག་འབྲི་རྒྱུར་དགའ་བས། འཛམ་གླིང་དམག་འཁྲུག་གཉིས་པ་དང་། སུ་ཝེ་ཨེ་སིལ་བུར་ཐོར་བ། ཆེ་ཨར་ནོ་པེལ་ལེ་དོན་ཆེན་སོགས་བྲིས་ཡོད་ཅིང་། མོའི་གསར་འགྱུར་བྱ་འགུལ་ལ་སྲིད་གཞུང་གིས་བཀག་འགོག་བྱས་མྱོང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...