སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་སྟེང་གི་གཏིང་ཆེས་ཟབ་པའི་ཚྭ་མེད་མཚེའུ་སྟེ་པེ་ཅར་མཚེའུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-2 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཛམ་གླིང་སྟེང་གི་གཏིང་ཆེས་ཟབ་པའི་ཚྭ་མེད་མཚེའུ་སྟེ་པེ་ཅར་མཚེའུ།

འཛམ་གླིང་སྟེང་གི་གཏིང་ཆེས་ཟབ་པའི་ཚྭ་མེད་མཚེའུ།
པེ་ཅར་མཚེའུ།

     རང་རྒྱལ་ལ་གྲགས་ཆེ་བའི་ལོ་རྒྱུས་གཏམ་རྒྱུད་ཅིག་ཡོད་དེ། དེ་ཡི་མིང་ལ་ལུག་རྫི་སུའུ་ཝུའུ་ཞེས་འབོད། སུའུ་ཝུའུ་ཞེས་པ་ནི་ཧན་རྒྱལ་རབས་ཀྱི་གཞུང་ཚབ་ཅིག་ཡིན་ཏེ། ཞུང་ནུའུ་པས་འཛིན་བཟུང་བྱས་རྗེས་གྲང་ངར་ཆེ་བའི་བྱང་ཕྱོགས་སུ་ལོ20ལ་ལུག་རྫི་བྱས། ཁྱོད་ཀྱིས་ཤེས་སམ། སུའུ་ཝུའུ་ལུག་རྫི་བྱེད་ས་ནི་ཧན་རྒྱལ་རབས་ཀྱི་དུས་སུ་བྱང་མཚོ་དང་། ད་ལྟ་པེ་ཅར་མཚེའུ་ཞེས་འབོད་པའི་ཡུལ་ཡིན།
     ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་པེ་ཅར་མཚེའུ་ནི་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་པོའི་སྟེང་གི་ཆེས་ཆེ་བའི་ཚྭ་མེད་མཚེའུ་དང་། འཛམ་གླིང་སྟེང་གི་གཏིང་ཆེས་ཟབ་ཅིང་ཆུ་གསོག་ཚད་མང་བའི་ཚྭ་མེད་མཚེའུ་ཡང་ཡིན། པེ་ཅར་མཚེའུ་ནི་དོག་ཅིང་རིང་བ་དང་། ཀྱག་ཀྱོག་ཏུ་འཁྱིལ་བའི་ཚེས་རིས་ཤིག་དང་འདྲ་བས་ཟླ་བའི་མཚེའུ་ཞེས་ཀྱང་ཟེར། མཚེའུ་དེའི་རིང་ཚད་ལ་སྟོང་སྨིས636དང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨིས48ཡོད། སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ31500ཡོད། མཚེའུ་ངོས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། མཚེའུ་ཞབས་ཀྱི་གཏེར་རིགས་ཀྱང་སྣ་ཚོགས་ཡིན་པས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིན་ཆེན་བང་མཛོད་ཅིག་དང་འདྲ།
     པེ་ཅར་མཚེའུ་ཡི་ཕྱོགས་བཞིར་རི་ཚོགས་ཀྱིས་བསྐོར་ཅིང་ནགས་ཚལ་སྟུག་པོས་གཡོགས། མཚོ་ཆུ་དྭངས་ཤིང་སྙོག་མ་དང་བྲལ་བས། ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་ཆི་ཁི་ཧྥུ་ཡིས་འདི་ལྟར་གསུངས་མྱོང་སྟེ། མཚོ་ཆུ་དྭངས་ཤིང་གསལ་བ་དང་མཚོ་ངོས་བརྒྱུད་དུས་མཁའ་དབུགས་ཁྲོད་འགྲོ་བ་ཇི་བཞིན། ཡོད་ཚད་ཀྱི་ཡོད་ཚད་མིག་ལམ་དུ་གསལ་ལྷང་ངེར་ཤར་འོང་། ཡིད་འོང་གཡུ་མདོག་གི་མཚོ་ཆུས་མི་ལ་ཉམས་དགའ་བའི་སྣང་བ་བསྩལ་འོང་།
     པེ་ཅར་མཚེའུ་ཡི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཀྱིས་མི་ལ་འབྲལ་མི་ཕོད་པའི་ཞེན་ཆགས་སྦྱིན་ཞིང་། དེ་རུ་ཡོད་པའི་གསང་བ་ལྐོག་གྱུར་མང་བོ་ཞིག་གི་མདུད་རྒྱ་མི་རྣམས་ཀྱིས་ད་དུང་གྲོལ་མེད། པེ་ཅར་མཚེའུ་ནི་ཚྭ་མེད་མཚེའུ་ཞིག་ཡིན་ནའང་དེའི་ནང་དུ་རྒྱ་མཚོའི་སྲོག་ཆགས་མང་པོ་ཡོད་དེ། དཔེར་ན། མཚོ་གཟིག་དང་།  དུང་དཀར། མཚོ་ཉ་སོགས་ཡོད་པས། ཚན་རིག་པ་རྣམས་ཀྱང་སྣང་ཚུལ་དེ་དག་གིས་མགོ་འཐོམ་དུ་བཅུག་ཡོད། དེ་ལས་གཞན།  པེ་ཅར་མཚེའུ་ལས་གཏེར་རིགས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་ཏེ། དེ་དག་ལས་བཞི་ཆའི་གསུམ་ནི་པེ་ཅར་མཚེའུ་མ་གཏོགས་གནས་གཞན་དུ་མེད་པ་ཞིག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...