སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གཙགས་དྲུབས་ལག་བཟོའི་ཐོན་རྫས་འགྲེམ་ཚོགས་དེ་བལ་བོར་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-24 11:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོད་ཀྱི་གཙགས་དྲུབས་ལག་བཟོའི་ཐོན་རྫས་འགྲེམ་ཚོགས་དེ་བལ་བོར་བསྡུས་པ།

    སྤྱི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར། ཀྲུང་གོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པ་དང་མཚོ་ལྷོ་ཁུལ་སྲིད་གཞུང་གིས་རོགས་དངུལ་བཏང་ཞིང་མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་ལག་བཟོའི་ཐོན་རྫས་ཚད་ཡོད་འགན་འཁྲིའི་ཀུང་ཟིས་འགན་སྒྲུབ་གནང་བའི་བོད་ཀྱི་གཙགས་དྲུབས་ལག་བཟོའི་ཐོན་རྫས་འགྲེམ་ཚོགས་དེ་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་རུ་གཟབ་རྒྱས་ངང་བསྡུས།


བོད་ཀྱི་གཙགས་དྲུབས་ལག་བཟོའི་ཐོན་རྫས་འགྲེམ་ཚོགས་དེ་བལ་བོར་བསྡུས་པ།

     འགྲེམ་སྟོན་འདིར་བསྡོམས་པས་ཀྲུང་གོའི་བོད་ཀྱི་གཙགས་དྲུབས་ཁྱད་ལྡན་ཐོན་རྫས90ལྷག་བཀྲམ་ཞིང་། གཙོ་ཆེར་བོད་ཀྱི་གཙགས་དྲུབས་ཐང་ག་ནི་རྣམ་པ་གཙོར་བཟུང་བ་དང་། དེའི་ཁྱད་དུ་འཕགས་པའི་གཙགས་དྲུབས་ཀྱི་རྩལ་དང་ཁ་མདོག ཕུན་སུམ་ཚོགས་པའི་ནང་དོན་བཅས་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཚོགས་ཞུགས་པ་རྣམས་ཀྱི་བསྟོད་བསྔགས་མི་དམན་པ་གནང་།
     བལ་བོ་ནི་བོད་ཀྱི་རིག་གནས་ཐོན་ལས་དར་རྒྱས་ཆེ་ཞིང་ཀྲུང་གོའི་བོད་ཁུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་མཛའ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་ཀྱི་ཕྱིར་བསྐྱོད་འཐབ་ཇུས་ལག་བསྟར་དང་སྒོས་སུ་ཕྱི་ཕྱོགས་ལ་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱེད་པར་དགེ་མཚན་ཆེན་པོ་ལྡན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...