སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་འཇིགས་མེད་བོད་སྨན་དང་ཨ་རིའིUCSDསློབ་ཆེན་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་འགོད་པའི་མཛད་སྒོ་བསྡུས།
རྩོམ་པ་པོ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-1 9:37:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།


མཚོ་སྔོན་འཇིགས་མེད་བོད་སྨན་དང་ཨ་རིའིUCSDསློབ་ཆེན་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་བཀོད་པ།


མཚོ་སྔོན་འཇིགས་མེད་བོད་སྨན་དང་ཨ་རིའིUCSDསློབ་ཆེན་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་བཀོད་པ།

     སྤྱི་ཟླ8པའི་ཚེས31ཉིན། མཚོ་སྔོན་འཇིགས་མེད་བོད་སྨན་དང་ཨ་རིའིUCSDསློབ་ཆེན་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་འགོད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་འཇིགས་མེད་བོད་སྨན་ཁང་དུ་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡུས་ཀྲུའུ་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་གཉེར་ཀྲུའུ་ཞི་གཞོན་པ་ཡུས་ཆིན་ཡོན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་ཁམས་ཚན་རྩལ་ཐོན་ལས་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལོས་ཅིན་ལིང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་ཅིན་ཧྲིན་ཁོས། མཚོ་སྔོན་འཇིགས་མེད་བོད་སྨན་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་བོད་སྨན་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཕུན་ཚོགས། ཨ་མེ་རི་ཁའི་ཅ་ཀྲུག་ཧྲིན་ཏའེ་ཡ་ཀུ་སློབ་གྲྭ་ཆེན་མོའི་ཀུན་འདུས་གསོ་རིག་དང་ལུས་སེམས་གསོ་རིག་སྐྱེ་ཁམས་རྟགས་མཚན་ཚོད་ལྟ་ཁང་གི་ཀྲུའུ་རེན། ཨ་མེ་རི་ཁའི་ཧྲིན་ཏའེ་ཡ་ཀུ་སློབ་གྲྭ་ཆེན་མོའི་སྤྱོད་ལམ་གསོ་རིག་པུའུ་ཡི་ཀྲུའུ་རེན་ཚབ་མ་སློབ་དཔོན་ཆེན་མོ་པའོ་ལའོ·མཱ་ཨར་སི། ཨ་མེ་རི་ཁའི་ཧྲིན་ཏའེ་ཡ་ཀུ་སློབ་གྲྭ་ཆེན་མོའི་ཀུན་འདུས་གསོ་རིག་ཞིབ་འཇུག་དང་ཁྱད་འཕགས་གསོ་སྐྱོང་ལྟེ་གནས་ཀྱི་ལག་རོགས་ཞིབ་འཇུག་པ་ཐའེ་ཧྥེ་ཉའེ། མཚོ་སྔོན་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་བོད་སྨན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་རིན་ཆེན་དོན་གྲུབ་སོགས་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཐེངས་འདིའི་མཛད་སྒོར་ཞུགས།

     མཛད་སྒོའི་སྟེང་འཇིགས་མེད་བོད་སྨན་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་དང་ཨ་མེ་རི་ཁའི་ཧྲིན་ཏའེ་ཡ་ཀུ་སློབ་གྲྭ་ཆེན་མོའི་སྤྱོད་ལམ་གསོ་རིག་པུའུ་ཡི་ཀྲུའུ་རེན་ཚབ་མ་སློབ་དཔོན་ཆེན་མོ་པའོ་ལའོ-མཱ་ཨར་སི་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། འཇིགས་མེད་ཕུན་ཚོགས་ཀྱིས་ཐོག་མར་རྒྱང་ཐག་རིང་པོ་ནས་ཕེབས་པའི་ཨ་མེ་རི་ཁའི་ཧྲིན་ཏའེ་ཡ་ཀུ་སློབ་གྲྭ་ཆེན་མོའི་སློབ་དཔོན་རྣམ་པ་གཉིས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་བ་དང་། ཐེངས་འདིའི་མཚོ་སྔོན་འཇིགས་མེད་བོད་སྨན་དང་ཨ་རིའིUCSDསློབ་ཆེན་གཉིས་ཀྱི་མཉམ་འབྲེལ་མཚན་རྟགས་འགོད་པ་དེས་བོད་ཀྱི་གསོ་རིག་རྒྱལ་སྤྱི་ལ་བཀྲམ་པའི་གོམ་ཁ་དང་པོ་བསྒྱུར་འགོ་བརྩམས་པ་དང་། ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་བརྗེ་རེས་བྱེད་པ་སོགས་བོད་ཀྱི་གསོ་རིག་གི་མ་འོངས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པར་བསྟན།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...