སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕྱི་རྒྱལ་དུ་འབོར་ཆེན་གྱར་སོང་བའི་ཏུན་ཧོང་གི་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས་དཔེ་སྐྲུན་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-3 9:13:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

    ཉེ་ལམ། ཀྲུང་གོའི་ནུབ་བྱང་མི་རིགས་སློབ་ཆེན་ཕྱི་རྒྱལ་གྱི་མི་རིགས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བཤད་དོན། ཞིབ་འཇུག་ཁང་འདི་ཡིས2006ལོ་ནས་འགོ་བརྩམས་ཏེ་ཕྱི་རྒྱལ་དུ་གྱར་སོང་བའི་ཏུན་ཧོང་གི་བོད་ཀྱི་གནའ་བོའི་ཡིག་ཆ་འབོར་ཆེན། མིག་སྔར་བོད་དབྱིན་གྱི་པར་མ་དཔེ་དེབ9དང་། བོད་ཧྥ་ཡི་པར་མ་དེབ22(དེབ་རེ་ལ་ཤོག་གྲངས336ཡས་མས་ཡོད་པ)ཕྱོགས་བསྒྲིགས་བྱས་ཡོད་པ་མ་ཟད། ད་དུང་བོད་ཀྱི་གནའ་བོའི་ཡིག་ཆ་གྲངས་གཞི་ཅན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རིག་ནུས་འཚོལ་བཤེར་ནུས་པ་ལྡན་པའི་གྲངས་གཞི་མཛོད་ཁང་ལེགས་འགྲུབ་ཡོང་བའི་རེ་བ་ཡོད་པ་རེད།
     ཕྱི་རྒྱལ་གྱི་མི་རིགས་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཚེ་རིང་གིས། ཏུན་ཧོང་མའོ་ཀོ་བྲག་ཕུག་ནས་ཕྱིར་རྔོག་པའི་ཡིག་ཆ་འབོར་ཆེན་ནང་དུ། བོད་ཡིག་གནའ་བོའི་ཚད་ལྡན་ཡིག་ཆ་གྲངས་འབོར་ནི་རྒྱ་ཡིག་ཕུད་རྗེས་མང་ཤོས་དེ་ཡིན་པ་རེད།
     ཚེ་རིང་གིས། རྒྱལ་ནང་དང་བསྡུར་ན། དབྱིན་ཇི་དང་ཧྥ་རན་སེ། ཨ་རི། ཉི་ཧོང་། ཨུ་རུ་སུ་སོགས་རྒྱལ་ཁབ་ཏུ་ཏུན་ཧོང་གི་གནའ་བོའི་ཡིག་ཆའི་ནང་དོན་ཕུན་སུམ་ཚོགས་པ་ཡོད་པ་སྟེ། ནང་བསྟན་གྱི་ཡིག་ཆ་ཕུད་ད་དུང་ཁྲིམས་ལུགས། སྤྱི་ཚོགས་ཀྱི་གན་རྒྱའི་རིགས། ལོ་རྒྱུས། གསོ་བ་རིག་པ། མི་ཆོས། དམངས་ཁྲོད་གཏམ་རྒྱུད། བརྡ་སྤྲོད་སོགས་ཀྱི་ཡིག་ཆའང་ཡོད་པ་རེད། གཞན་ཡང་ལེགས་སྦྱར་གྱི་སྒྱུར་ཡིག་དང་། རྒྱ་ཡིག་གི་རྩོམ་རིག་ལོ་རྒྱུས་ཀྱི་གྲགས་ཅན་བརྩམས་ཆོས་ཀྱང་ཡོད་པ་རེད་ཅེས་བཤད།
     ཚེ་རིང་གི་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་ཁང་འདི་ཡིས་ཏུན་ཧོང་གི་གནའ་བོའི་ཡིག་ཆ་བོད་དབྱིན་གྱི་པར་མའི་དཔེ་དེབ9དང་། བོད་ཧྥ་ཡི་པར་མའི་དཔེ་དེབ22ཕྱོགས་བསྒྲིགས་བྱས་ཡོད་པ་སྟེ། དུས་ཡུན་ལོ་ངོ13རིང་ལ། བྱ་གཞག་འདི་ད་དུང་མཇུག་སྒྲིལ་མེད་པ་དང་། ཆེས་མཐའ་མའི་འཆར་གཞིར་བོད་དབྱིན་གྱི་པར་མའི་དཔེ་དེབ15དང་། བོད་ཧྥ་ཡི་པར་མའི་དཔེ་དེབ30ལྷག་ཕྱོགས་བསྒྲིགས་བྱ་རྒྱུ་ཡིན་ཞིང་། དེའི་རྗེས་སུ་ད་དུང་རྒྱལ་ཁབ་གཞན་གྱིས་ཉར་ཚགས་བྱས་པའི་བོད་ཀྱི་གནའ་བོའི་ཡིག་ཆ་པར་སྐྲུན་བྱ་རྒྱུ་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...