སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ས་ཆེན་སྟེང་གི་བྲག་རྡོའི་རྦ་རླབས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-17 10:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

བྲག་རྡོའི་རྦ་རླབས།
     ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་སུ་ས་རྟགས་རང་བཞིན་གྱི་རང་བྱུང་མཛེས་ལྗོངས་ཤིག་ཡོད། དེ་ནི་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་བརྒྱད་པར་གྲགས་པའི་བྲག་རྡོའི་རྦ་རླབས་རེད།
     བྲག་རྡོའི་རྦ་རླབས་ནི་བྲག་རྡོ་ཡན་གར་བ་ཞིག་མིན་ཏེ། དེ་ནི་རྒྱ་མཚོ་ལས་བུད་པའི་བྲག་རྡོའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཆེས་ངོ་མཚར་བའི་ཁག་ཀྱང་ཡིན། དེའི་མཐོ་ཚད་ལ་སྨིས15དང་། རིང་ཚད་ལ་ཧ་ལམ་སྨིས110ཡོད། བྲག་རྡོའི་སྟེང་ཁ་དོག་སྤེལ་མའི་ཁྲ་ཐིག་དང་། མ་བཅོས་རང་བྱུང་གི་མཐོ་དམན་དོད་པའི་སྒང་གཤོང་གིས་བལྟས་མ་ཐག་ཏུ་རྒྱ་མཚོའི་ཀློང་དུ་འཕྱོ་བའི་རྦ་རླབས་ཆེན་པོ་ཞིག་དང་འདྲ་བས། ཤིན་ཏུ་བརྗིད་ཉམས་ལྡན་པ་ཞིག་རེད།

     དུས་ཡུན་རིང་བོ་ཞིག་ལ་བྲག་རྡོའི་རྦ་རླབས་ཨོ་སི་ཁྲུ་ལི་ཡའི་ནུབ་དབུས་ཀྱི་བྱེ་ཐང་དུ་སྦས་ཡོད་པས། མི་སུས་ཀྱང་བྱེ་ཐང་དུ་དེ་ལྟ་བུའི་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་ཡོད་པ་མ་ཤེས། སྤྱི་ལོ1963ལོར་པར་རྒྱག་མཁན་ཞིག་དེ་གར་གནས་སྐོར་བྱེད་དུས། བྱེ་ཐང་དུ་བྲག་རྡོའི་རྦ་རླབས་ཡོད་པ་མཐོང་བ་མ་ཟད། མཛེས་ལྗོངས་དེ་པར་དུ་བླངས། རྗེས་སུ་འདྲ་པར་དེར་ཨ་མེ་རི་ཁའི་ཉིག་ཡོག་གྲོང་ཁྱེར་དུ་རྒྱལ་སྤྱིའི་འདྲ་པར་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པ་དང་། དེ་རྗེས་ཨ་མེ་རི་ཁའི་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱི་མདུན་ཤོག་ཏུ་བཀོད་པས། དུས་ཡུན་ཐུང་ངུའི་ནང་བྲག་རྡོའི་རྦ་རླབས་ལ་སྐད་གྲགས་ཆེན་པོ་བྱུང་ཞིང་། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས།
     བྲག་རྡོའི་རྦ་རླབས་ཡང་རང་བྱུང་ཁམས་ཆེན་པོས་རྨད་བྱུང་ལག་རྩལ་དང་འབྲལ་མི་ཐུབ་སྟེ། ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་ཀྱི་མཐོ་སྒང་གི་གཏིང་རིམ་ནི་ལོ་དུང་ཕྱུར10ཡར་སྔོན་གྱི་གནའ་སྔ་མོའི་འཛེང་རྡོ་ཡིས་གྲུབ་པ་རེད། འཛེང་རྡོ་དེ་དག་ས་ངོས་སུ་བུད་རྗེས། དུས་ཡུན་རིང་བོར་རླུང་གིས་གཡོས་པ་དང་ཉི་འོད་ཀྱིས་བསྲེགས་པ། ཆར་རླུང་གིས་བརྡེག་ནས་བཤལ་མཐར། དབྱིབས་གཟུགས་ཁྱད་མཚར་བའི་བྲག་རྡོའི་རྦ་རླབས་དེ་བྱུང་བ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...