སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་སྟེང་གི་ཆེས་ཆེ་བའི་འགྱུར་རྡོའི་ཚལ་ཏེ། ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-18 11:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གནའ་ནས་ད་ལྟའི་བར། ལོ་ངོ་དུང་ཕྱུར་མང་བོའི་འགྱུར་ལྡོག་ཁྲོད། སའི་གོ་ལའི་སྟེང་དུ་རིམ་གྱིས་གྲུབ་ཅིང་རང་སོར་ཡོད་པའི་སྲོག་ཆགས་དང་རྩི་ཤིང་གི་འགྱུར་རྡོ་མང་བོ་ཡོད་ཀྱང་། ཨ་མེ་རི་ཁའི་འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ལྟ་བུ་འགྱུར་རྡོ་མང་བོ་ཕྱོགས་གཅིག་ཏུ་འདུ་བའི་གནས་ནི་ཤིན་ཏུ་ཉུང་།
     འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་ནི་ཨ་མེ་རི་ཁའི་ཡཱ་ལི་སང་ན་ཀྲོའུ་ཡི་བྱང་ཕྱོགས་སུ་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བ་དང་ལྟ་ན་སྡུག་པའི་འགྱུར་རྡོའི་ཚལ་ཞིག་ཡིན། སྤྱི་གླིང་དུ་བསླེབས་པ་ན། ཁྱོད་ཀྱིས་གྲངས་འབོར་ཆིག་སྟོང་ལྷག་ཡོད་པའི་སྡོང་རྐང་འགྱུར་རྡོ་གཡས་འགྱེལ་གཡོན་འགྱེལ་བྱས་ཡོད་པ་མཐོང་ཐུབ་པ་དང་། དེ་དག་གི་ཚངས་ཐིག་ལ་ཆ་སྙོམས་སྨིས1ཡས་མས་དང་། རིང་ཚད་ལ་ཆེས་རིང་བ་ནི་སྨིས40ལྷག་ཡོད། དེ་ལས་གཞན། ད་དུང་གས་ཆག་ཏུ་གྱུར་བའི་ཤིང་དུམ་གྱི་འགྱུར་རྡོ་དུམ་བུ་མང་བོ་སྡོང་རྐང་འགྱུར་རྡོའི་ཉེ་འཁོར་དུ་ཐར་ཐོར་དུ་ཡོད། ཉེ་སར་བཅར་ནས་ཞིབ་ཏུ་བལྟས་ན། ཁྱོད་ཀྱིས་འགྱུར་རྡོའི་སྡོང་རྐང་དག་གི་ལོ་རིས་གསལ་བོར་མཐོང་ཐུབ་པ་མ་ཟད། ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན།
     འགྱུར་རྡོའི་ཚལ་ཡོད་སའི་ས་ཁུལ་དུ་ཤིན་ཏུ་སྡུག་པོའི་འགྱུར་རྡོའི་ཚལ་དྲུག་ཡོད་དེ། ཁ་དོག་ལ་གཞིགས་ནས་དབྱེ་ན་གཡང་ཊི་ལྗང་གུ་དང་། ཆུ་ཤེལ། འཇའ་ཚོན། མ་ན་ཧོ། མདོག་ནག་པོ་དང་སྔོན་པོའི་ནགས་ཚལ་བཅས་ཡོད། མིང་གི་ཐོགས་ཚུལ་ལ་བལྟས་ན། འཇའ་ཚོན་ནགས་ཚལ་ནི་ཆེས་མཛེས་ཤིང་ཡིད་དུ་འོང་བ་དེ་ཡིན་ཞིང་། དོན་དངོས་སུའང་དེ་བཞིན་ནོ།། གདོད་མའི་དུས་སུ་འགྱུར་རྡོའི་ཚལ་དེ་དག་ནགས་ཚལ་དངོས་ཡིན་ལ། ཧ་ལམ་ལོ་ངོ་དུང་ཕྱུར1.5ཡར་སྔོན་དུ་ཆུ་ལོག་རྒྱུགས་ནས་ནགས་ཚལ་འདམ་དང་རྡོ་ཟེགས། མེ་རིའི་ཐལ་བ་སོགས་ཀྱིས་བསྣུབས། རྗེས་སུ་ས་ཁུལ་དེའི་ས་གཤིས་ལན་འགར་སྤོ་འགྱུར་བྱུང་ཞིང་། སའི་འོག་རིམ་དུ་ཡོད་པའི་སྡོང་རྐང་དག་གིས་བསྐྱར་དུ་ཉི་འོད་མཐོང་། དེ་དུས་སུ། སྡོང་རྐང་དག་གི་ཕྲ་ཕུང་ལ་གཏེར་སྒྱུར་ནུས་པ་ཐོན་པ་མ་ཟད། ད་དུང་སེར་བོ་དང་དམར་བོ། སྨུག་པོ། ནག་པོ། སྐྱ་བོ་སོགས་མདོག་སྣ་ཚོགས་ཀྱང་ཞུགས་པས། ད་གཟོད་དེ་རིང་གི་ཁ་དོག་རྣམ་པར་བཀྲ་བའི་འགྱུར་རྡོའི་ཚལ་དག་བྱུང་བ་རེད།
     འགྱུར་རྡོའི་ཚལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་མང་བོའི་ཁྲོད་དུ་ཆེས་མིང་གྲགས་ལྡན་པ་ནི་ཚོན་ལྡན་བྱེ་ཐང་ཡིན། བསམ་བློ་ཐོངས་དང་། ཁྱོད་རང་སྐྱ་ཐང་ཐིང་དུ་ཡོད་པའི་བྱེ་སྒང་དུ་འགྲོ་དུས། སྣ་གཅིག་ཅན་གྱི་བྱེ་མ་སེར་བོའི་ཁ་དོག་གིས་ཁྱོད་ཀྱི་མིག་ཟུང་ལ་གཙེས་མོད། གློ་བུར་དུ། ཁ་དོག་སྣ་ལྔའི་འཇའ་ཚོན་དང་གཉིས་སུ་མེད་པའི་འགྱུར་རྡོའི་ཚལ་ཁྱོད་ཀྱི་མཐོང་ལམ་དུ་མངོན་དུས། མྱ་ངམ་ཐང་ཆེན་པོ་དེ་ཡང་སྐད་ཅིག་ཙམ་ལ་ལྟ་ན་སྡུག་པ་དང་འོད་མདངས་ལྡན་པ་ཞིག་ཏུ་འགྱུར། དེ་ལྟ་བུའི་ཚོར་བ་གློ་བུར་བ་དེས་ཁྱོད་ལ་དགའ་བ་དཔག་མེད་སྟེར་ངེས། དེ་བས་ཚོན་ལྡན་བྱེ་ཐང་ཞེས་མིང་དུ་གྲགས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...