སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གབ་རྩེད་ལ་དགའ་བའི་གླིང་ཕྲན་ཆུང་ཆུང་སྟེ་མངོན་ཡིབ་གླིང་ཕྲན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-13 11:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཡོ་རོབ་གླིང་གི་ས་དབུས་རྒྱ་མཚོའི་ཐུའུ་ཉི་སི་མཚོ་འགག་ཏུ་མི་དང་གབ་རྩེད་ལ་དགའ་བའི་གླིང་ཕྲན་ཆུང་ཆུང་ཞིག་ཡོད་ཅིང་། དེའི་གཏམ་རྒྱུད་ནི་སྤྱི་ལོ1831ལོ་ནས་འཆད་དགོས།
     སྤྱི་ལོ1831ལོའི་ཟླ7པར་དབྱི་ཐ་ལིའི་དངོས་སྐྱེལ་གྲུ་གཟིངས་ཤིག་ཐུའུ་ཉི་སི་མཚོ་འགག་བརྒྱུད་དུས། གྲུ་བ་རྣམས་ཀྱིས་གློ་བུར་དུ་མདུན་ཕྱོགས་ཀྱི་མཚོ་ངོས་སུ་ཧ་ལམ་མཐོ་ཚད་ལ་སྨིས20ཡོད་པའི་ཀ་བ་ལྟ་བུའི་གྱེན་འཕྱུར་ཆུ་ཞིག་བར་སྣང་དུ་ཟུག་ཡོད་པ་མཐོང་ཞིང་། ཆུ་འཕྱུར་བ་དང་ལྷན་དུ་རྦ་རླབས་འཕྱུར་བའི་སྒྲ་ཡང་མཆེད་ཡོང་། ཆུ་འཕྱུར་ནས་ཡུན་རིང་མ་འགོར་བར་མཚམས་བཞག་མོད། འོན་ཏེ་མཐོ་ཚད་ལ་སྨིས600ཡས་མས་ཀྱི་རླངས་པ་ཞིག་ད་དུང་བར་སྣང་དུ་འཕྱུར་བཞིན་འདུག  དུས་དེར་གྲུ་པ་རྣམས་སྐྲག་ཐག་ཆོད་དེ་གདོན་འདྲེ་གང་རུང་དང་འཕྲད་པ་རེད་སྙམ་ནས་བྲེལ་འཚུབ་ཀྱིས་གནས་དེ་ནས་བྲོས་བྱོལ་བྱས། ཉིན་འགའི་རྗེས་སུ་གྲུ་བ་རྣམས་ཀྱིས་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ཏེ་སེམས་ཁྲལ་ཆེན་པོ་དང་བཅས་གནས་དེའི་མཚོ་ཁུལ་ལ་ཕྱིར་ལོག་དུས། ཧ་ལས་པ་ཞིག་ལ་སྔར་ཀ་བ་ལྟ་བུའི་གྱེན་འཕྱུར་ཆུ་སྣང་སའི་ཡུལ་དེར་གླིང་ཕྲན་ཆུང་ཆུང་ཞིག་ཡོད་པ་མཐོང་ཞིང་། གླིང་ཕྲན་སྟེང་དུ་དུ་བ་དཀར་བོ་ཞིག་མཚམས་མ་ཆད་པར་ཡར་འཕྱུར་བཞིན་ཡོད་པ་དང་། ཉེ་འཁོར་ན་དྲག་རྡོ་ཁམ་དམར་དང་ཉ་ཤི་བོ་མང་པོ་གཡེར་ཞིང་འཕྱོ། ལོ་ངོ་བཅུ་ཕྲག་འགར་མི་རྣམས་ཀྱིས་ལྟ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། གླིང་ཕྲན་ཆུང་ཆུང་དེ་སྨིས4ནས60ལྷག་ཆེ་རུ་སོང་བ་དང་། མཐའ་སྐོར་རིང་ཚད་ཀྱང་སྟོང་སྨིས4.8ལྷག་ཆེ་རུ་བསྐྱེད། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཟླ་བ་གསུམ་གྱི་རྗེས་སུ་གླིང་ཕྲན་ཆུང་ཆུང་དེ་གར་སོང་ཆ་མེད་དུ་གྱུར།
     ས་དབུས་རྒྱ་མཚོའི་ཐུའུ་ཉི་སི་མཚོ་འགག་ཏུ་ཡོད་པའི་གླིང་ཕྲན་ཆུང་ཆུང་དེ་མཚམས་རེར་ཡིབ་པ་དང་མཚམས་རེར་མངོན་པས་མི་རྣམས་ཀྱིས་མངོན་ཡིབ་གླིང་ཕྲན་ཞེས་མིང་བཏགས་ཤིང་། གླིང་ཕྲན་དེ་གབ་རྩེད་ལ་དགའ་བའི་རྒྱུ་མཚན་ནི་མཚོ་འོག་གི་མེ་རི་འགུལ་སྐྱོད་ལས་བྱུང་བ་ཡིན། དུས་ད་ལྟ་ང་ཚོས་ཤེས་རྟོགས་བྱུང་ཡོད་པ་ནི་གབ་རྩེད་ལ་དགའ་བའི་མངོན་ཡིབ་གླིང་ཕྲན་ལྟ་བུ་སའི་གོ་ལའི་སྟེང་ད་དུང་ཧ་ཅང་མང་བོ་ཡོད་དོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...