སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཞུན་བྲག་གིས་སྤུད་པའི་མཛེས་ལྗོངས་ཏེ་ཞཱ་ཝའེ་ཡེ་མེ་རིའི་རྒྱལ་ཁབ་སྤྱི་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-30 10:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཞི་བདེ་རྒྱ་མཚོའི་སྟེང་དུ་ཡོད་པའི་ཞཱ་ཝའེ་ཡེ་གླིང་ཕྲན་ནི་མི་རྣངས་གུང་སེང་སྤྲོ་བསང་ལ་འགྲོ་སའི་གནས་མཆོག་ཅིག་ཡིན་པ་དང་། གླིང་ཕྲན་དེའི་ཤར་ལྷོའི་མཚོ་འགྲམ་གྱི་ཞཱ་ཝའེ་ཡེ་མེ་རིའི་རྒྱལ་ཁབ་སྤྱི་གླིང་ནི་དེ་ལས་ཀྱང་བགྲང་གིས་མི་ལང་བའི་གནས་སྐོར་པ་མང་བོ་འགྲོ་འདོད་ཆེ་བའི་གནས་ཤིག་ཡིན།
     སྤྱི་གླིང་དེའི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ929ཡོད་པ་དང་། གནས་དེར་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པ་ནི་གྲུབ་དང་འགྲུབ་བཞིན་པའི་སའི་གོ་ལའི་སྟེང་གི་མཛེས་ལྗོངས་ཤིག་ཡིན་ཏེ། ང་ཚོས་འཛམ་གླིང་གི་མཛེས་ལྗོངས་གཞན་ལ་གནས་སྐོར་བྱེད་དུས། རྒྱུན་དུ་མཐོང་ཐུབ་པ་ནི་ལོ་ངོ་ཁྲི་སྟོང་མང་བོའམ་དུང་ཕྱུར་ལྷག་འདས་ཟིན་པའི་རི་རྒྱུད་དང་གྲོག་རོང་དག་ཡིན་མོད། འོན་ཏེ་ཞཱ་ཝའེ་ཡེ་མེ་རིའི་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་སྣེ་ཤན་པས་ཁྱོད་ལ་རྡོ་བ་འདི་ད་སོ་མར་ལོ་གཅིག་ལོན་པ་ཙམ་ཡིན་ཞེས་བརྗོད་སྲིད་དེ། མེ་རི་བར་མ་ཆད་པར་ཕྱིར་འཕྱུར་ཞིང་།  རྡོ་ཞུན་མཚམས་མི་འཆད་པར་བཞུར་ནས་བྲག་རྡོ་གསར་བ་འགྱུར་བཞིན་ཡོད་པས། གནས་གཞན་དང་ཐུན་མོང་མིན་པའི་ས་བབ་དང་མཛེས་ལྗོངས་དེ་བྱུང་བ་རེད།

     སྤྱི་གླིང་དུ་འཆམ་འཆམ་བྱེད་དུས། ཁྱོད་ཀྱིས་དངུལ་སྐྱར་སྣང་བའི་མེ་རིའི་གས་ཁ་ལས་འཕྱུར་བའི་དུ་སྨུག་མཐོང་ཐུབ་པ་དང་། མེ་རི་འཕྱུར་ནས་གྲུབ་པའི་ཞུན་བྲག་དང་། དུ་སྨུག་གིས་ཁྱབ་པའི་ས་འོག་ཚ་ནུས་ཀྱི་རླངས་པ་འཕྱུར་སའི་ཁ། ཚང་ཚིང་དུ་འཁྲིགས་པའི་ནགས་ཚལ་དང་། དགུང་དུ་ཟུག་པའི་རྩྭ་ལྡུམ་སོགས་ཕན་ཚུན་སྦྲེལ་ནས་ཡོད་པས། མཛེས་ལྗོངས་ཁྱད་པར་བ་དེ་ཉིད་ཀྱིས་མི་ལ་སྤྲོ་སེམས་འཕེལ་དུ་འཇུག  མའོ་ན་ལའོ་ཡ་མེ་རི་ནི་གླིང་ཕྲན་དེའི་སྟེང་གི་མེ་རི་ཆེས་ཆེ་ཤོས་དེ་ཡིན་ཞིང་། ཆེས་མཇུག་མཐར་འཕྱུར་བའི་དུས་ནི་སྤྱི་ལོ1984ལོ་ཡིན་པ་དང་། ཆེད་མཁས་པ་རྣམས་ཀྱིས་སྔར་བཞིན་དེ་ཉིད་མེ་རི་གསོན་པོ་ཞིག་ཏུ་ངོས་འཛིན་བཞིན་ཡོད། མེ་རི་ཆེན་པོ་ཨང་གཉིས་པ་ནི་ཅི་ལ་ཝེ་ཨེ་མེ་རི་ཡིན། མེ་རི་དེ་གཉིས་ནི་སྤྱི་གླིང་གི་མཚན་སྙན་ཡུལ་གྲུ་ཀུན་ལ་ཁྱབ་བྱེད་ཀྱི་གཟེངས་སུ་ཐོན་པའི་མཚོན་བྱེད་ཡིན། དེ་དག་ལས་ལང་ལོང་འཕྱུར་བའི་ཞུན་བྲག་དམར་སེར་ཅན་ནི་གནས་དེའི་ཆེས་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཉག་གཅིག་གོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...