སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཚ་ཁུལ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་བསྡུས་གཟུགས། སའེ་ལུང་ཀའེ་ཏིའི་རྒྱལ་ཁབ་སྤྱི་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-21 10:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཚ་ཁུལ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་བསྡུས་གཟུགས།
སའེ་ལུང་ཀའེ་ཏིའི་རྒྱལ་ཁབ་སྤྱི་གླིང་།

     ཧྥེ་གླིང་གི་མུ་མཐའ་མི་མངོན་པའི་སའེ་ལུང་ཀའེ་ཏི་བདེ་ཐང་དུ། སྟོང་སྨིས་གྲུ་བཞི་མ་ཁྲི་ཡན་ཟིན་པའི་རྩྭ་ཐང་ཆེན་པོ་དང་། གྲངས་ལས་འདས་པའི་རྩྭ་གཟན་ཏེ། གཙོད་དང་གཙོད་མིག་འཇུར། རྐྱང་ཁྲ་སོགས་མཆིས་ཤིང་། ལོ་རེར་དེ་དག་གིས་འཐུང་ཆུ་བཙལ་ནས་གནས་སྤོ་དུས། ཁྱུ་ཚོགས་ཀྱིས་གྲུབ་པའི་གཅན་གཟན་ཆེ་ཤོས་དག་ཀྱང་དེ་དག་དང་མཉམ་འགྲོ་བྱེད་བཞིན་གདའ། དེ་ལྟ་བུ་འཛམ་གླིང་སྟེང་ཆེས་རྔམ་ཞིང་བརྗིད་ཆགས་པའི་སྣང་ཚུལ་ཁྲོད་ཀྱི་གཅིག་ནི་མིང་གྲགས་ཆེ་བའི་སའེ་ལུང་ཀའེ་ཏིའི་རྒྱལ་ཁབ་སྤྱི་གླིང་དུ་མངོན་པ་ཡིན།

     སའེ་ལུང་ཀའེ་ཏིའི་རྒྱལ་ཁབ་སྤྱི་གླིང་ནི་ཐན་ཙན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་གནས་ཤིང་། སྤྱི་གླིང་དེར་རི་སྐྱེས་སྲོག་ཆགས་ཆེ་ཤོས་ཁྲི300ལྷག་ཡོད། དེ་དག་གི་གྲས་སུ་གླང་གཙོད་དང་། རྐྱང་ཁྲ། གཙོད། སེང་གེ  གཟིག  འཕར་བ་སྟག་རིས་མའང་འདུས། སྲོག་ཆགས་ཀྱི་ཁྱུ་ཚོགས་དེ་དག་དུས་ཚིགས་རང་བཞིན་གྱི་རྩྭ་ཆུ་ཡོད་སར་སྤོ་བསྐྱོད་བྱེད་བཞིན་ཡོད། སའེ་ལུང་ཀའེ་ཏི་ལ་གནས་སྐོར་ཡོང་བའི་མི་ཕལ་མོ་ཆེ་བ་སྲོག་ཆགས་གནས་སྤོ་བྱེད་པའི་རྔམ་ཞིང་བརྗིད་ཆགས་པའི་སྣང་ཚུལ་གྱིས་དང་བ་དྲངས་ཡོད། ཐན་པ་བྱུང་དུས་ཀྱང་། སྐྱ་ཐིང་ཐིང་དུ་གྱུར་བའི་གནས་དེས་ད་དུང་མི་སེམས་འགུགས་ནུས་ཏེ། གནས་སྤོ་བྱེད་པའི་གྲས་སུ་མི་ཞུགས་པའི་སེང་གེ་དང་གཟིག་སོགས་རྒྱུན་སྡོད་པ་དག་གི་འཚོ་བའི་གོམས་སྲོལ་ལ་ཞིབ་འཇུག་བྱས་ཀྱང་ཆོག

     གལ་ཏེ་ཁྱོད་ཀྱིས་བྱེས་ཡུལ་གྱི་འཚོ་བར་ཉམས་ཞིབ་ཐེངས་གཅིག་བྱ་འདོད་ན། སའེ་ལུང་ཀའེ་ཏི་ལ་གནས་སྐོར་བྱེད་རྒྱུ་ནི་བརྗེད་མི་འོས་ཏེ། སའེ་ལུང་ཀའེ་ཏི་ནི་མི་མེད་ལུང་སྟོང་གི་གནས་ཤིག་ཡིན་པས། དེ་གར་བསླེབས་པའི་ཚོར་བས་ཁྱོད་ལ་དགའ་སྣང་སྟེར་རོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...