སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྲིང་བལ་པུ་ཤུའི་མཁར་རྫོང་གི་ཁ་དོག་དཀར་བོའི་གཟི་མདངས། ཕཱ་མུའུ་ཁོ་མཁར་རྫོང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-30 10:58:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
སྲིང་བལ་པུ་ཤུའི་མཁར་རྫོང་གི་ཁ་དོག་དཀར་བོའི་གཟི་མདངས།
ཕཱ་མུའུ་ཁོ་མཁར་རྫོང་།
     ཐུར་ཁེ་རུ་ངག་རྒྱུན་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོ་སྔ་མོ་ཞིག་ལ་ལྷ་ཞིག་གིས་རྒྱུན་དུ་ཐུར་ཁེའི་ནུབ་ཕྱོགས་ཀྱི་རི་འདབས་སུ་སྲིང་བལ་ཉི་མར་ལྡེ། དུས་ཡུན་རིང་བོ་འགོར་རྗེས་སྲིང་བལ་དག་གཡང་ཊི་རུ་གྱུར་ཏེ། མིག་ལ་འོད་དུ་འཚེར་བའི་དཀར་མདོག་གི་ལྷ་ཡུལ་ཞིག་ཏུ་གྲུབ་པ་རེད།
     སྤྱི་ལོ1965ལོར་ཡཱ་ཞི་ཡ་ཆུང་བར་གནས་སྐོར་དུ་ཕེབས་པའི་དབྱིན་ཇིའི་གནའ་རབས་རྩོམ་རིག་པ་ཆན་ཏེ་ལེ་ཡིས་ལྷ་ཡུལ་ལྟ་བུའི་གནས་ཏེ། ཕཱ་མུའུ་ཁོ་མཁར་རྫོང་མཐོང་བ་རེད། ཁོས་མཐོང་མ་ཐག་ཡངས་ཤིང་རྒྱ་ཆེ་བའི་དཀར་མདོག་གི་ལ་གཟར་བོ་ཞིག་རེད་སྙམ། ཉེ་གན་དུ་བསླེབས་དུས། ད་གཟོད་འཁྱགས་པས་བསྡམས་པའི་རྦབ་ཆུ་ཆེན་པོ་ཞིག་སྟེ། ལང་ལོང་དུ་རྒྱུ་བའི་བཞུར་རྒྱུན་གློ་བུར་དུ་སྲ་འཐས་སུ་གྱུར་པ་དང་། ཆལ་ཆིལ་དུ་འབབ་པའི་རྦབ་ཆུ་སྐད་ཅིག་ཙམ་ལ་རེངས་པོར་གྱུར་པ་དང་འདྲ་བ་ཞིག་ཡིན་པ་ཤེས། ཚིག་དུམ་འདི་ནི་ཆན་ཏེ་ལེ་ཡིས་སྐབས་དེར་མཐོང་བའི་སེམས་ཀྱི་ཚོར་འདུ་ཙམ་ཡིན། མཛེས་ལྗོངས་དེ་ལ་དུས་ད་ལྟ་ཡང་སྔར་མུས་བཞིན་གནས་སྐོར་ལ་ཡོང་བའི་ལྟད་མོ་བ་དག་སྤྲོ་བས་བརྟས་ཡོད།
     རླུང་གཡོབ་ལྟེབ་མ་དང་མཚུངས་པའི་རིམ་པ་བཞིན་བརྩེགས་པའི་འོ་མདོག་གི་རི་ངོས་སུ། ཁུ་ལུ་ལྟར་དཀར་མདོག་གི་སྐས་རིམ་ཡོད་པའི་ལྡེབས་ངོས་དང་རྡོ་ནུ་རལ་ཚོགས་ཀྱི་གཟུགས་བརྙན་དག་དྭངས་གསལ་གྱི་ཆུ་རྫིང་ཁྲོད་མངོན་ཞིང་། འཁྱགས་དར་གྱིས་བཟུང་བའི་རྦབ་ཆུ་ཞིག་ཉི་ཟེར་འོད་མདངས་ལྷམ་མེར་འཕྲོ་བ་དང་ཡོངས་སུ་མཚུངས་པས་ལྷ་ཡུལ་གྱི་ཁམས་སུ་སྣང་། དཔྱིད་ཀར། ལྷད་མེད་དྭངས་གཙང་གི་ཁམ་བུ་མེ་ཏོག་དེ་ལས་ཀྱང་དམར་བོར་སྣང་བས། མིག་ལ་ལྷག་ཏུ་མཛེས་པར་འགྱུར།
     ཕཱ་མུའུ་ཁོ་མཁར་རྫོང་ཞེས་པ་ནི་ས་གནས་ཀྱི་སྐད་དུ་སྲིང་བལ་པུ་ཤུའི་མཁར་རྫོང་ཞེས་པའི་དོན་ཡིན་པ་དང་། མིང་དེའི་འབྱུང་ཁུངས་ནི་ཡིད་སེམས་འདྲེན་པའི་ངག་རྒྱུན་དེ་ཡིན་ལས་ཆེ། དོན་དངོས་སུ་ཕཱ་མུའུ་ཁོ་མཁར་རྫོང་ནི་ཉེ་འཁོར་གྱི་མཐོ་སྒང་དུ་ཕྱིར་འཕྱུར་བའི་མེ་རི་ཆུ་ཚན་གྱིས་གྲུབ་པ་ཡིན། ཆར་ཆུས་བྲག་རྡོའི་ཁྲོད་ཀྱི་རྡོའི་ཐལ་རྒྱུ་དང་གཏེར་དངོས་གཞན་དག་བཞུས་རྗེས། ས་འོག་ཏུ་ཐིམ་ནས་ཆུ་མིག་གི་ཆུར་གྱུར་པ་དང་། ཆུ་མིག་གི་ཆུ་ཕྱིར་ཐོན་ཏེ་མཐོ་སྒང་གི་བས་མཐའ་རུ་རི་ངོས་དང་བསྟུན་ནས་བཞུར་དུས། རྡོའི་ཐལ་རྒྱུ་བསོགས་ཤིང་སྤུངས་པ་དང་། དུས་ཡུན་རིང་བོ་འགོར་ཙ་ན། ཆུ་མིག་གི་ཆུ་བཞུར་ཤུལ་གྱི་གནས་ཡོངས་སུ་རྡོའི་ཐལ་རྒྱུ་རིམ་པ་ཞིག་ཆགས་ཤིང་། རིམ་གྱིས་དཀར་མདོག་གི་འོད་འཕྲོ་བའི་སྐས་རིམ་དང་།  ཐེམ་པ། རྡོ་ནུ་རལ་སོགས་གྲུབ་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...