སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཇིག་རྟེན་མི་ཡུལ་དང་རྒྱང་དུ་བཀྱེད་པའི་ལྷ་ཡུལ། ཁན་ཁྲ་ཅ་མཚེའུ་སྲུབ་སྐྱོབ་ཁུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-12 10:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཇིག་རྟེན་མི་ཡུལ་དང་རྒྱང་དུ་བཀྱེད་པའི་ལྷ་ཡུལ།
ཁན་ཁྲ་ཅ་མཚེའུ་སྲུབ་སྐྱོབ་ཁུལ།

     ཨུ་རུ་སུའི་ཤར་མཐའི་ཁན་ཁྲ་ཅན་ཕྱེད་གླིང་ནི་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་གནས་ཤིག་ཡིན། ཕྱེད་གླིང་སྟེང་གི་ཁན་ཁྲ་ཅ་མཚེའུ་སྲུང་སྐྱོབ་ཁུལ་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། མེ་རིའི་མཛེས་ལྗོངས་དང་།  སྣ་མང་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཡོད་པས་སྙན་གྲགས་གླིང་ལ་ཁྱབ།
     ཁན་ཁྲ་ཅ་ཕྱེད་གླིང་སྟེང་མེ་རི300ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་མེ་རི28ནི་ཉེ་བའི་ལོ་འགའི་ནང་དུ་འགུལ་བསྐྱོད་བྱས་མྱོང་བའི་མེ་རི་གསོན་པོ་དག་ཡིན་པས། འཛམ་གླིང་སྟེང་གི་མིང་གྲགས་ཆེ་བའི་མེ་རི་ཁུལ་གྱི་གྲས་ཤིག་ཡིན། ཕྱེད་གླིང་དེའི་སྟེང་དུ་མེ་རི་མང་བ་མ་ཟད། མེ་རི་དག་གི་རྣམ་པ་དང་སོ་སོའི་ཁྱད་ཆོས་མི་འདྲ། མེ་རི་འཕྱུར་ནས་རྣམ་པ་སྣ་ཚོགས་སུ་ཡོད་པའི་མེ་རིའི་སྣང་ཚུལ་བསྐྲུན་པ་དང་། ས་ངོས་ཆགས་ཚུལ་ཡང་ཧ་ཅང་རྙོག་འཛིང་ཆེ། ཀྱག་ཀྱོག་ཏུ་གནས་པའི་བྲག་ཕུག་དང་། བརྩེགས་རིམ་མང་བོ་ཡོད་པའི་ས་རིམ། ངེས་མེད་དུ་བཞུར་བའི་ཆུ་མིག ཆུ་ཚན། གྱེན་འཕྱུར་ཆུ་མིག་སོགས་ངོ་མཚར་བའི་མེ་རིའི་ས་ངོས་ཆགས་ཚུལ་དང་རྣམ་པ་སྣ་ཚོགས་སུ་ཡོད་པའི་ཆུ་མིག་དག་གིས་གནས་དེ་ནི་དེ་ལྟར་མིང་གྲགས་ལྡན་པའི་མཛེས་ལྗོངས་སུ་གྲུབ་པ་རེད།

     ཁན་ཁྲ་ཅ་ཕྱེད་གླིང་གི་ཕྱོགས་བཞིའི་ཕལ་ཆེ་བ་མཚོ་མོས་བསྐོར་ཞིང་། མཁའ་དབུགས་ལ་བརླན་གཤེར་ལྡན་ཞིང་བསིལ་མོ་ཡིན་སྟབས། རྩི་ཤིང་སྟུག་པོར་སྐྱེས་ཡོད། དེ་ལས་ཀྱང་གཙོ་ཆེ་བ་ནི་དེ་གར་ཡོད་པའི་ནགས་ཚལ་ཀྱང་གདོད་མའི་རྣམ་པ་ལྟར་རང་སོར་བཞག་ཡོད། རི་སུལ་དུ་སྟག་པ་དཀར་བོ་དང་། ཡུན་ཧྲན་གསོམ་པ། ལོ་སྐྱུར་ཐང་ཤིང་སོགས་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་དང་། གཙང་ངོགས་སུ་སྤུངས་པའི་གཤིན་ས་རུ་སྦྱར་བ་དཀར་བོ་དང་། རྒྱ་ལྕང་གི་ཚལ་སོགས་ཀྱིས་གཡོགས་ཤིང་། དེ་ལས་གཞན་པའི་རྩི་ཤིང་དག་ནི་མཐའ་ཡས་པའི་མཚོ་རྒྱུད་ཀྱི་བརླན་ས་རུ་ཁྱབ་ཡོད།

     ཚང་ཚིང་དུ་ཡོད་པའི་གདོད་མའི་ནགས་ཚལ་ལས། གཞན་ད་དུང་སྲུང་སྐྱོབ་ཁུལ་དུ་སྲོག་ཆགས་ཀྱང་མང་བོ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ལྟོས་བཅས་སུ་རིགས་ཅུང་ཟད་ཉུང་ནའང་གྲངས་འབོར་ཤིན་ཏུ་མང་། དོམ་དང་གནའ་བ། བྱང་ཤྭ ཨོག་དཀར་སྐྱ་སྨུག་སོགས་ནི་ས་ཁུལ་དེའི་དཔེ་མཚོན་རང་བཞིན་གྱི་སྲོག་ཆགས་ཡིན། དེ་མིན་སྣ་མང་ཞིང་བགྲང་ལས་འདས་པའི་འདབ་ཆགས་ཀྱི་རིགས་ཀྱང་ཡོད་དེ། དེ་དག་ལས་ཁ་ཤས་ནི་འཛམ་གླིང་དུ་རྒྱུད་ཆད་ལ་ཉེ་བའི་རིགས་ཡིན། གླིང་ཕྲན་སྟེང་གི་ཆུ་བོ་ཕལ་ཆེ་བར་ཏཱ་མ་ཧ་ཉ་མོ་འཚོ་སྡོད་བྱས་ཡོད་ཅིང་། ཉ་མོ་དེ་ནི་དམིགས་བསལ་ཅན་ཞིག་སྟེ། ཆུང་དུས་སུ་རྒྱ་མཚོ་རུ་འཚོ་སྡོད་བྱེད་པ་དང་། ཆེར་སོན་པ་ན་དཀར་ཁག་མང་བོ་བརྒྱུད་ནས་ཕྱིར་རང་གི་སྐྱེས་ཡུལ་དུ་ཡོང་ནས་རྒྱུད་སྤེལ་བ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...