སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དབྱི་ཐ་ལིའི་གནའ་མཁར་ཕང་པེའི་ཝེ་སུའུ་ཝེ་མེ་རི།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-21 8:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གནའ་མཁར་ཕང་པེ་རྨེག་མེད་དུ་གཏོང་མཁན་གྱི་ལག་དམར།
ཝེ་སུའུ་ཝེ་མེ་རི།
     སྤྱི་ལོ79ལོར་གཞི་ཁྱོན་ཤིན་ཏུ་ཆེ་བའི་མེ་རི་འཕྱུར་ཐེངས་གཅིག་གིས་ལོ་ངོ1000ཙམ་གྱི་ལོ་རྒྱུས་ལྡན་པའི་དབྱི་ཐ་ལིའི་གནའ་མཁར་ཕང་པེ་གློ་བུར་དུ་ས་འོག་ཏུ་བཅུག དེ་ས་འོག་ཏུ་འཇུག་མཁན་གྱི་ཉེས་ཅན་གཏེ་བོ་ནི་མིང་གྲགས་ཆེ་བའི་ཝེ་སུའུ་ཝེ་མེ་རི་ཡིན།  དུས་ད་ལྟར། ཝེ་སུའུ་ཝེ་མེ་རི་དང་མེ་རིའི་ཐལ་བ་ཁྲོད་ཀྱི་གནའ་མཁར་ཕང་པེ་ནི་དབྱི་ཐ་ལིའི་སྐད་གྲགས་ཆེ་བའི་སྤྲོ་བསང་གཏོང་སའི་མཛེས་ལྗོངས་གྲགས་ཅན་ཞིག་ཡིན།

     ཝེ་སུའུ་ཝེ་མེ་རི་མཚོ་ངོས་ལས་སྨིས1281ལས་མེད་པས་དེ་འདྲའི་མཐོ་རྒྱུ་མེད་ཀྱང་། དབྱི་ཐ་ལི་དང་འཛམ་གླིང་ཡོངས་ཀྱི་ཆ་ནས་མིང་གྲགས་ཆེ་བའི་མེ་རིའི་གྲས་ཀྱི་གཅིག་དང་། ཡོ་རོབ་སྐམ་ས་ཆེན་པོའི་སྟེང་གི་མེ་རི་གསོན་པོ་གཅིག་པུ་ཡིན། བར་སྣང་ནས་ཝེ་སུའུ་ཝེ་མེ་རི་ལ་མར་བལྟས་ན། དེ་ནི་རི་རྩེ་མེད་ཅིང་སྐས་དབྱིབས་ལྟར་སྣང་བའི་མེ་རི་ཞིག་ཡིན། སྤྱི་ལོ79ལོར་གློ་བུར་དུ་འཕྱུར་བ་དེས་ཧ་ཅང་ཆེ་བའི་མེ་རིར་གས་ཁ་ཞིག་བཏོད་པ་དང་། མེ་རི་གས་ཁའི་ཉེ་འགྲམ་དུ་ལངས་ནས་བལྟས་ན། མེ་རི་གས་ཁའི་གནས་ཚུལ་གསལ་བོར་མཐོང་ཐུབ། མེ་རི་གས་ཁ་ནི་ནང་ངོས་དྲང་ཐད་དུ་ཡོད་པའི་སྒོར་དབྱིབས་ཀྱི་དོང་ཆེན་ཞིག་ཡིན། ཟབ་ཚད་ལ་ཧ་ལམ་སྨིས100ལྷག་ཡོད་པ་དང་། མདོག་སེར་བོ་དང་ཁམ་དམར་ཅན་གྱི་སྲ་འཐས་སུ་གྱུར་བའི་ཞུན་བྲག་དང་རྡོ་སྙིགས་ཀྱིས་གྲུབ་པས། ཁྱོད་ཉིད་རྡོ་སྙིགས་ཀྱི་སྟེང་ནས་འགྲོ་དུས་རྐང་མཐིལ་ནས་ཧྲགས་སྒྲ་ཐོས་འོང་།
     སྤྱི་ལོ79ལོར་གཞི་རྒྱ་ཆེན་པོས་འཕྱུར་བ་ནས་བཟུང་། ཝེ་སུའུ་ཝེ་མེ་རི་ནི་འཕྱུར་དུས་དང་ཞི་དུས་གཉིས་ཀྱི་རེས་མོས་ཁྲོད་དུ་གནས་ཤིང་། རྒྱུན་དུ་ཡང་རླངས་པ་འཕྱུར་བའི་སྣང་ཚུལ་ཡོད་པས། མི་སུས་ཀྱང་ཝེ་སུའུ་ཝེ་མེ་རི་ག་དུས་ཤིག་ལ་སླར་ཡང་འཕྱུར་བ་ད་དུང་ཤེས་ཀྱིན་མེད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...