སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐྱེ་དངོས་ཕྲ་རབ་ཀྱིས་བརྐོས་པའི་ངོ་མཚར་ཡུལ་ལྗོངས། ཁར་སི་པཱ་ཏེའི་ཕུག་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-28 10:28:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྐྱེ་དངོས་ཕྲ་རབ་ཀྱིས་བརྐོས་པའི་ངོ་མཚར་ཡུལ་ལྗོངས།
ཁར་སི་པཱ་ཏེའི་ཕུག་པ།

     ཨ་མེ་རི་ཁའི་མོ་ཞི་ཁོ་གསར་བ་རུ་མིང་གྲགས་ཆེ་བའི་ཕུག་པ་ཞིག་ཡོད། དེ་ཡི་མིང་ལ་ཁར་སི་པཱ་ཏེའི་ཕུག་པ་ཟེར། ཕྱོགས་ཡར་མར་དུ་མཆེད་པའི་ཕུག་ཚོགས་ཀྱི་སྤྱིའི་རིང་ཚད་ལ་སྟོང་སྨིས100ལྷག་ཡོད་པས། དེ་ནི་འཛམ་གླིང་སྟེང་གི་ཆེས་རིང་བའི་ཕུག་ཚོགས་ཀྱི་གྲས་དང་། གཏིང་ཆེས་ཟབ་པའི་ཅོང་ཞིའི་བྲག་ཕུག་གི་གྲས་ཀྱང་ཡིན།
     ཁར་སི་པཱ་ཏེའི་ཕུག་པ་ནི་ཧ་ལམ་ལོ་ངོ་དུང་ཕྱུར2.8ཡར་སྔོན་དུ་གྲུབ་པ་དང་། བརྩེགས་རིམ་གསུམ་དུ་དབྱེ་ཡོད། བརྩེགས་རིམ་དང་པོ་ས་སྟེང་གི་སྨིས330མཚམས་སུ་ཡོད་པ་དང་། བརྩེགས་རིམ་གཉིས་པ་དང་གསུམ་པ་སོ་སོ་ས་སྟེང་གི་སྨིས250དང་། ས་འོག་གི་སྨིས200ལྷག་གི་གནས་སུ་ཡོད། བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཕུག་པའི་ཁྲོད་ཆེས་ཟབ་པའི་བྲག་ཕུག་ནི་ས་ངོས་མན་གྱི་སྨིས305མཚམས་སུ་ཡོད་པ་དང་། ནང་ཁྱོན་ཆེས་ཆེ་བའི་ཅོང་ཞིའི་བྲག་ཕུག་ཅིག་ཡོད་པ་ནི་རྐང་རྩེད་སྤོ་ལོའི་ར་བ14ཡི་སྤྱིའི་རྒྱ་ཁྱོན་ལས་ཀྱང་ཆེ། དེ་ལྟ་བུའི་གཏིང་ཟབ་ཅིང་བོངས་ཆེ་བའི་བྲག་ཕུག་དེས་ལྟད་མོ་བ་ཡོད་ཚད་ཧ་ལས་སུ་བཅུག་ཡོད།
     ཕུག་པ་དེ་བོངས་ཆེ་ཞིང་གཏིང་ཟབ་པ་ཙམ་དུ་མ་ཟད། བྲག་ཕུག་ནང་རོལ་དུ་མཛེས་ཤིང་དོ་ཟླ་བྲལ་བའི་རྡོ་ནུ་རལ་ཚོགས་ཀྱིས་ཕྱོགས་བཞིའི་མགྲོན་པོ་འགུགས་པར་བྱེད། མཛེས་ལྗོངས་མང་བོའི་ཁྲོད་དུ་བྲག་གི་ཡོལ་བ་ནི་མཚམས་སྦྱོར་བྱེད་འོས་པ་ཞིག་སྟེ། བཙུན་མོའི་ཚོམས་ཆེན་དུ་འབོད་པའི་བྲག་ཕུག་ནང་ངོ་མཚར་བའི་ཡོལ་བ་ཞིག་ཡོད་ཅིང་།  ཡོལ་བ་གྲུབ་བྱེད་ནི་སྲ་མཁྲེགས་སུ་གྱུར་བའི་རྡོ་ནུ་རལ་ཡིན་པ་དང་། དེ་དག་ཕན་ཚུན་གཤིབ་པ་ལྟར་ཡུག་གཅིག་ཏུ་སྦྲེལ་ཅིང་། འོད་འཕྲོ་ནུས་པའི་རྡོའི་ཡོལ་བ་ཞིག་ཏུ་གྲུབ་ཡོད། དེ་ལ་ལག་ཡང་མོར་རྡུང་ན་རྣ་བར་སྙན་པའི་སྒྲ་ཞིག་ཀྱང་གྲགས་འོང་།

     བྲག་ཕུག་དེའི་བརྗིད་ཆགས་པའི་མཛེས་ལྗོངས་གཞན་ཞིག་ནི་དེ་གར་བབ་སྡོད་བྱས་ཡོད་པའི་པགས་བྱིའུ་ཁྲི་བརྒྱ་ལྷག་གི་ཁྱུ་ཚོགས་རེད། ཉིན་རྒྱུན་ས་སྲོད་ཀྱི་སྐབས་སུ་པགས་བྱིའུ་དག་ཤྭ་འོད་བཞིན་བྲག་ཕུག་ལས་ཕྱིར་ཐོན་ཏེ་མུན་ཁྲོད་དུ་གཟན་འཚོལ་སྐབས། ཧ་ལམ་ཁར་སི་པཱ་ཏེའི་ཕུག་པའི་ཁ་ཡང་གཅོད་ལ་ཉེ་ཞིང་རྣམ་པ་རྒྱ་ཆེ་བས་མི་ལ་ཧ་ལས་ཤིང་ཧོན་ཐོར་དུ་འཇུག
     འདས་ཟིན་པའི་ལོ་ཟླའི་ནང་། མི་རྣམས་ཀྱིས་ཁར་སི་པཱ་ཏེའི་ཕུག་པ་ནི་ཐན་སྐྱུར་ཚྭའི་བྲག་རྡོ་ཆར་ཆུ་ཁྲོད་ཐིགས་པ་རེ་རེ་ངང་དལ་མོར་ཟགས་ཐོན་བྱས་ནས་གྲུབ་པར་འདོད་མོད། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ལེབ་མོ་ཆུང་བའི་རྡོ་སྣུམ་རིམ་པ་ཟས་སུ་བྱེད་པའི་ཕྲ་ཕུང་རྐྱང་མའི་འབུ་ཕྲ་རབ་ཀྱི་རིགས་ཤིག་ནི་བྲག་ཕུག་རྐོ་མཁན་གྱི་རྐོས་རིས་མཁན་པོ་ཡིན། སྐྱེ་དངོས་རིག་པ་བས་འདོད་པ་ལྟར་ན། འབུ་ཕྲ་རབ་ཀྱིས་རྡོ་སྣུམ་ཁྲོད་ཀྱི་ཐན་འདུས་འདྲེས་སྦྱོར་རྫས་ཟོས་རྗེས་མུ་ཟི་ཆིང་གྲུབ་ཅིང་། སྲོག་འཕྲོག་པར་བྱེད་པའི་རླངས་གཟུགས་དེ་བྲག་སྲུབས་ལས་ཕྱིར་ཐོན་ཏེ། ཆུ་དང་དབྱང་དབུགས་འདྲེས་སྦྱོར་བྱུང་བ་ལས་མུ་ཟི་ཕུག་པ་དེ་གྲུབ་པ་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...