སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནེའུ་ཙི་ལན་རྒྱལ་ཁབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-15 10:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ནེའུ་ཙི་ལན་རྒྱལ་ཁབ།
     ནེའུ་ཙི་ལན་དུ་ལྗང་མདོག་གི་རྩྭ་ཐང་དང་། མཐའ་ཡས་པའི་རི་ཀླུང་། དྭངས་གཙང་གི་ཆུ་མོ། བརྗིད་ཆགས་པའི་འཁྱགས་ཀླུང་བཅས་ལྡན་ཞིང་། དགུང་སྔོན་སྤྲིན་དཀར་མིག་གི་རྒྱ་ལས་མི་འདའ་བས། ནེའུ་ཙི་ལན་དུ་སྤྲིན་དཀར་གྱི་ཕ་ཡུལ་ཞེས་ཀྱང་བྱ།
     གཡོར་གྲུའི་གྲོང་ཁྱེར་ཨོ་ཁོ་ལན།
     ནེའུ་ཙི་ལན་གྱི་མི་ཆུ་ཐོག་རྩེད་མོ་ལ་དགའ་བས་མོའི་ཐད་ཁོ་ཚོར་ནང་བྱན་ཆུད་པའི་རྩལ་ལྡན་ཡོད། ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨོ་ཁོ་ལན་དུ་ཆ་སྙོམས་ཁྱིམ་ཚང་རེ་ལ་གྲུ་གསུམ་རེ་ཡོད་པས་གཡོར་གྲུའི་གྲོང་ཁྱེར་ཞེས་ཐོགས།

     ནེའུ་ཙི་ལན་གྱི་རྒྱལ་བྱ།
     ཅི་ཝེ་ནི་མཆུ་ཏོ་རིང་ལ་གཤོག་པ་མེད་པ་ཆེ་ཆུང་བྱ་དེ་ཙམ་ཡོད་པའི་བྱ་ཞིག་ཡིན། ནེའུ་ཙི་ལན་གྱི་མི་རྣམས་བྱ་རིགས་འདི་ལ་ཤིན་ཏུ་དགའ་བས་རྒྱལ་བྱར་བཀུར་ཡོད། ནེའུ་ཙི་ལན་གྱི་རྒྱལ་རྟགས་དང་ཊང་ཀའི་ཐོག་ཚང་མར་བྱ་ཅི་ཝེའི་རི་མོ་ཡོད།
     མོ་ལེ་མི།
     མོ་ལེ་མི་ནི་ནེའུ་ཙི་ལན་གྱི་གནས་བདག་ཐོག་མ་ཡིན། ཁོ་ཚོ་ལུས་སྟོབས་ཆེ་ལ་གླུ་གར་ལ་དགའ། ལྷག་པར་དུ་ཤིང་བཟོ་ལ་མཁས། མོ་ལེ་མི་ཡིས་དེང་སང་ད་དུང་རང་མི་རིགས་ཀྱི་གོམས་གཤིས་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད། དཔེར་ན་ཕན་ཚུན་སྣ་གཏུགས་ནས་འཚམ་འདྲི་བྱེད་པ་ལྟ་བུ།
     ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས།
     ནེའུ་ཙི་ལན་གྱི་ས་འོག་ཏུ་ཆུ་ཚན་མང་པོ་ཡོད་ཅིང་། ཆུ་ཚན་ནང་དུ་ཚ་ནུས་ཆེན་པོ་འདུས་ཡོད་པ་དེས་གློག་འདོན་ཆོག་ལ་ཆུ་ཚན་ཁྲུས་ཁང་ཡང་བརྒྱབ་ཆོག  ད་དུང་ཆུ་ཚན་ཚ་པོའི་ཚ་དྲོད་ཀྱིས་ཟ་མའང་ལས་ཆོག་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...