སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-6 9:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    ཨོ་སི་ཁྲུ་ལི་ཡར་སྟོང་སྨི་གྲུ་བཞི་མ་ཁྲི760ཡོད་པའི་རྒྱ་ཆེ་བའི་མངའ་ཁོངས་ཡོད་ཅིང་། དེ་གར་མི་གྲངས་ཁྲི2000ལྷག་ཙམ་གྱིས་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་སྲོག་ཆགས་མཚར་མོ་འདྲ་མིན་སྣ་ཚོགས་ཀྱི་གྲངས་ནི་མི་གྲངས་ལས་ཞེ་དྲག་མང་གི་རེད། 

ཨེར་སི་ཕ་བོང་།
     ཨོ་སི་ཁྲུ་ལི་ཡའི་དབུས་ཀྱི་མཐའ་ཡས་པའི་རྩྭ་ཐང་ཐོག་ཕ་བོང་ཆེན་པོ་ཞིག་སེང་གེའི་ཉལ་སྟབས་སུ་གནས་པ་དེའི་འཁྱུད་འཁོར་ལ་སྨི9000ཙམ་ཡོད། དེ་ནི་འཛམ་གླིང་གི་ཕ་བོང་ཧྲིལ་པོ་གཅིག་གིས་གྲུབ་པའི་ཨེར་སི་ཕ་བོང་རེད་ལ། གནས་དེའི་གདོད་མའི་ཡུལ་མི་རྣམས་ཀྱི"བླ་བྲག"ཀྱང་ཡིན།
སྲོག་ཆགས་མཚར་མོ།
     ཨོ་སི་ཁྲུ་ལི་ཡ་གནས་སའི་སྐམ་ས་ཆེན་པོ་དུས་ཡུན་རིང་བོར་སྐམ་ས་གཞན་དང་རྒྱང་ཐག་ཆོད་ནས་གནས་པའི་རྐྱེན་གྱིས་ཡུལ་དེའི་སྲོག་ཆགས་མང་པོ་ཞིག་ས་ཆ་གཞན་དུ་མེད། དེ་ནང་སྐད་གྲགས་ཆེ་ཤོས་ནི་ཁུག་མ་བྱི་བོ་ཆེ་དང་བྱ་ཨེར་མོ་ཡིན། བྱ་ཨེར་མོའི་བཟོ་ལྟ་བྱ་རྔ་མོང་དང་འདྲ་ཞིང་། གཙོ་བོ་རྩྭ་ཐང་དུ་འཚོ། སྲམ་མཆུ་ལེབ་ནི2000ལོའི་སེད་ནེའི་ཨོ་ལུས་འགྲན་ཚོགས་ཀྱི་བཀྲ་ཤིས་གཅེས་ལོར་བདམས། ཁའོ་ལ་ནི་ཨོ་སི་ཁྲུ་ལི་ཡ་ཁོ་ནར་ཡོད་པའི་ཨན་ཤིང་སྟེང་འཚོ་ཞིང་། ས་ཐོག་ལ་འབབ་རྒྱུ་ཉུང་ཉུང་ཡིན།

གདོད་མའི་ཡུལ་མིའི་རི་མོ།
     ཨོ་སི་ཁྲུ་ལི་ཡའི་གདོད་མའི་ཡུལ་མིའི་རྣམས་ཀྱིས་སྐལ་བ་ཡ་ཐོག་ནས་བཟུང་སྒྱུ་རྩལ་གྱི་གྲུབ་འབྲས་མི་དམན་པ་བླངས་ཡོད། ཁོ་ཚོས་བྲིས་པའི་རི་མོ་ལ་བྲག་གི་རི་མོ་དང་། ཤིང་ཤུན་རི་མོ། བྱེ་མའི་རི་མོ་བཅས་ཡོད།
     སེད་ནེ་གླུ་གར་ཁང་ལ་གཞོགས་ནས་བལྟས་ན་གཡོར་མོ་དཀར་པོ་འཕྱར་ནས་སྐྱོད་པའི་གྲུ་གཟིངས་ཞིག་དང་འདྲ་ཞིང་། མདུན་ནས་བལྟས་ན་ཉ་ཕྱིས་ཆེན་མོ་འགའ་མཚོ་འགྲམ་ལ་ཁ་སྦུབས་སུ་བཀྲམ་པ་དང་འདྲ།
 
སེད་ནེ་གླུ་གར་ཁང་།
     སེད་ནེ་ནི་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཆེ་ཤོས་ཡིན་ཞིང་། སྐད་གྲགས་ཆེ་བའི་སེད་ནེའི་གླུ་གར་ཁང་ནི་སེད་ནེའི་མཚོ་དབུག་ཏུ་ཡོད། དེ་ཉིད་གཞི་རྒྱ་ཆེ་ལ་བཟོ་བཀོད་ལེགས་པ་དང་། གླུ་གར་ཚོམས་ཆེན་དང་། གླུ་དབྱངས་ཚོམས་ཆེན། གཏམ་བརྗོད་ཟློས་གར་ཚོམས་ཆེན་ཡོད་ལ་ཟ་ཁང་དང་ཚོང་ཁང་སོགས་ཞོར་གྱི་སྒྲིག་བཀོད་ཀྱང་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...