སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་གི་ས་བབ་ཆེས་མཐོ་ཤོས་སུ་ཆགས་པའི་རྒྱ་མཚོ་གླིང་ཟླ8ཚེས18ཉིན་སྒོ་ཕྱེ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-23 14:51:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཟི་ལིང་གི་སྟོད་པ་གྲོང་གསར་དུ་ཡོད་པའི་ཟི་ལིང་རྒྱ་མཚོའི་གླིང་ཚན་རིག་ཁྱབ་གདལ་ཁང་དེ་སྤྱི་ཟླ7ཚེས18ལ་ཚོད་ལྟའི་ཚུལ་དུ་གཉེར་སྐྱོང་བྱས་ཡོད་ཅིང་། ད་སྔ་གླིང་དེའི་འཛུགས་སྐྲུན་ཡོངས་ཧ་ལམ་མཇུག་འགྲིལ་ནས་སྲོག་ཆགས་སྣ་ཚོགས་ནང་འདྲེན་གྱི་ཆོག་མཆན་དང་དཔང་ཡིག་ལེན་པའི་འགྲོ་ལུགས་ཡོངས་སུ་བསྒྲུབས་ཚར་ཡོད་པས། ཟླ8ཚེས18ཉིན་དངོས་སུ་སྒོ་ཕྱེས་འཆར་འདུག
     ཟི་ལིང་གི་རྒྱ་མཚོ་གླིང་དེ་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར5བཏང་ཡོད་ཅིང་། སྤྱིའི་བཀོད་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ28000དང་། ཆུའི་རྔམས་ལ་སྨི་རྒྱ་དཔངས་གྲུ་བཞི་མ12000ཡོད་པ་དང་། ཆུར་གནས་སྲོག་ཆགས་དང་། སྐམ་སའི་སྲོག་ཆགས་ངོམ་སྟོན། ཚན་རིག་ཁྱབ་གདལ་དང་སློབ་གསོ། སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ཁྱབ་གདལ་ཁང་ཞིག་ཡིན་པ་མ་ཟད།ད་སྔ་མཚོ་ཆུའི་སྐྱེས་དངོས་དང་སྲོག་ཆགས་སོགས་འགྲེམ་ཁུལ་མང་པོ་ལྡན་ཞིང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་སུ་ཆགས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་མཚོ་གླིང་གཅིག་པུར་གྱུར་ཡོད། ད་ལྟ་དེ་གར་མཚོ་ཕག་དང་། ཉ་སྲིན་དཀར་པོ། མཚོ་གཏིང་གི་དགའ་ཚལ་སོགས་ལྟད་མོ་ལྟ་ས་ཆེ་ཤོས་གསུམ་ཡོད་པ་དང་། ཆུ་གནས་སྲོག་ཆགས་རིགས་བཞི་བརྒྱ་ལྷག་དང་ཁ་གྲངས་ཁྲི་གསུམ་ལྷག སྐམ་སའི་སྲོག་ཆགས་རིགས་བརྒྱ་ལྷག་སྟེ་ཁ་གྲངས་སུམ་རྒྱ་བཅས་འདུག ལྷག་པར་ཚན་རིག་ཁྱབ་གདལ་དང་ལྟད་མོའི་རིན་ཐང་ཅན་གྱི་མཚོ་གནས་སྲོག་ཆགས་ལ། ཨུ་རུ་སིའི་ཉ་སྲིན་དཀར་པོ་དང་། ལྗར་པན་གྱི་མཚོ་ཕག དེ་མིན་ངང་པ་རེ་འཆང་དང་། བྱང་སྣེའི་སྤྱང་ཀི བྱང་སྣེའི་ཝ་མོ་སོགས་མང་པོ་ཡོད་པ་མ་ཟད། དེའི་གྲས་སུ་མཚོ་སྔོན་པོའི་གསེར་ཉ་ཡང་ནང་འདྲེན་བྱས་ཡོད་པས་རྒྱལ་ནང་གི་མཚོ་སྔོན་པོའི་གསེར་ཉ་འདུས་པའི་ཚན་རིག་ཁྱབ་གདལ་ཁང་གཅིག་པུ་རུ་ཆགས། 
     ཟི་ལིང་གི་རྒྱ་མཚོའི་གླིང་ཚན་རིག་ཁྱབ་གདལ་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གཙོ་བོ་ཡིན་ཞིང་། འཆར་འགོད་དང་ཨར་ལས་ཀྱི་གོ་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་སྲོག་ཆགས་ཀྱི་ཕན་བདེ་གཙོ་བོར་བཟུང་སྟེ། སྲོག་ཆགས་དེ་དག་གི་སྐྱེས་འཕེལ་དང་བདེ་སྐྱོང་ལ་བར་སྟོང་ཆེན་པོ་བཞག་ནས་འཚོ་གནས་ཐད་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། དེ་མ་ཟད་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ལ་རྩེད་ཞོར་ཏུ་སློབ་གསོ་མྱོང་བའི་ཚད་གཞི་མཐོ་ཤོས་ཀྱི་གནས་ཤིག་མཁོ་འདོན་བྱས་ཡོད་པས། ལས་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བ་དང་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་ཐོབ་པར་ཕན་ནུས་རེ་དང་། ཁོར་སྲུང་དང་རི་དྭགས་སྲུང་སྐྱོབ་ལ་སོགས་ཀྱི་ཚན་རིག་ཁྱབ་གདལ་རང་བཞིན་དང་། ཤེས་བྱའི་རང་བཞིན། ཁོར་སྲུང་གི་བསམ་བློ་རང་བཞིན་བརྒྱུད་སྒྲོག་རེ་ཐུབ་པའི་ནུས་པ་ཡོད་ལ། ལྷག་པར་ལྷད་མེད་དྭངས་གཙང་གི་མ་དཔེ་གྲོང་ཁྱེར་བསྐྲུན་པ་དང་དུས་རབས་གསར་པའི་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་ལ་རམ་འདེགས་བྱ་ཐུབ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...