སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མལ་གྲོ་གུང་དཀར་རྫོང་དང་རྒྱ་མདའ་རྫོང་འབྲེལ་གྱི་མོན་ལའི་རི་བོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-6-28 9:59:00 རྩོམ་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཤིན་ཧྭ་གསར་འགྱུར་ཁང་།
བོད་ལྗོངས་མོན་ལའི་རི་བོ།

     མོན་ལ་ནི་ལྷ་སའི་མལ་གྲོ་གུང་དཀར་རྫོང་དང་ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་གི་འབྲེལ་མཚམས་སུ་ཡོད་པ་དང་། མཚོ་ངོས་མཐོ་ཚད་སྨི5013ཡོད་ཅིང་། ཁྲོན་བོད་གཞུང་ལམ་གྱི་ས་མཐོ་ཤོས་ཡིན། མོན་ལ་ནི་ལྷ་ས་སྐྱིད་ཆུའི་ཆུ་རྒྱུད་དང་ཉང་ཆུའི་ཆུ་རྒྱུད་ཀྱི་དབྱེ་མཚམས་ཡིན་ལ། ཉིང་ཁྲི་ས་ཁུལ་གྱི་རྒྱ་མཚོ་རང་བཞིན་གནམ་གཤིས་དང་ལྷ་ས་ཁུལ་གྱི་སྐམ་སའི་རང་བཞིན་གནམ་གཤིས་ཀྱི་རང་བྱུང་དབྱེ་མཚམས་ཡིན། མོན་ལའི་ནུབ་ཕྱོགས་ཁུལ་ནི་གནམ་གཤིས་སྐམ་ཤས་ཆེ་བ་དང་དྲོད་ཚད་ཅུང་དམའ་པོ་ཡོད། ཤར་ཕྱོགས་ཁུལ་ནི་གནམ་གཤིས་དྲོ་ལ་རླན་གཤེར་ཆེ་བ་དང་ནགས་ཚལ་སྟུག་པོས་ཁེངས་ཡོད། དེ་ལྟ་བུའི་རྣམ་པ་མི་འདྲ་བ་མང་ལ་ཁྱད་དུ་འཕགས་པའི་རང་བྱུང་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་འགུག་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...