སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ཨ་ཐིས་དགོན་དུ་ཁོར་ཡུག་གཙང་སྦྲ་བྱས་པ།
རྩོམ་པ་པོ། ལྷ་འབུམ་ཡག རྩོམ་སྒྲིག་པ། Michung དུས་ཚོད། 2016-12-6 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ཨ་ཐིས་དགོན་དུ་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།
     སྤྱི་ཟླ12པའི་ཚེས་3ཉིན་མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་བཀོད་སྒྲིག་བྱས་ཏེ་ཇོ་སྲས་ཚན་ཆུང་དང་མགོ་མང་ས་ཁུལ་གྱི་ཚན་གཙོ་སྐོར་ཞིག་ཨ་ཐིས་དགོན་དུ་སོང་སྟེ།  དགོན་པའི་མཐའ་སྐོར་གྱི་འཇིགས་ཡེར་པའི་གད་སྙིགས་བཏུས་ཤིང་བསྲེགས་ཆོག་པའི་གད་སྙིགས་དག་དེ་རུ་མེ་ལ་སྒྲོན་པས། དགོན་པའི་ཁོར་ཡུག་གཙང་ཞིང་གྲལ་དག་པར་བྱས།  ད་དུང་དགོན་པའི་དགེ་འདུན་པ་འགའ་ཤས་དང་ཇོ་སྲས་ཚན་ཆུང་གི་མི་སྣ།  མགོ་མང་ས་ཁུལ་གྱི་ཚན་གཙོ་དག་དང་བཅས་ཁྱོན་བསྡོམས་མི་སུམ་ཅུ་ལྷག་འདུས་པའི་ཚོགས་འདུ་ཞིག་ཀྱང་བསྡུས་ཤིང་།  ཚོགས་གཙོ་དོན་གྲུབ་རྒྱལ་གྱིས་ཁོར་ཡུག་གཙང་སྦྲ་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་།  གད་སྙིགས་གང་སར་མི་འཕེན་པའི་གོམས་གཤིས་དེ་མི་སུ་ལའང་ཆགས་དགོས་པར་དྲིལ་བསྒྲགས་བྱས།  དེ་མིན། དེར་འདུས་ཀྱི་མི་ཐམས་ཅད་ཀྱིས་ཀྱང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ནི་ངེས་པར་ང་ཚོའི་ས་ཁུལ་ལ་མཁོ་བའི་མཐུན་ཚོགས་ཤིག་རེད།  རྗེས་ཕྱོགས་འདི་ལ་རོགས་འདེགས་དང་རྒྱབ་སྐྱོར་ཡོད་པའི་བསམ་ཚུལ་བསྟན།

དགོན་འདབས་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

དགོན་འདབས་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

དགོན་འདབས་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ། 

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཁོར་སྲུང་དང་བླངས་པའི་མཉམ་པར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...