སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་མང་སྤྱི་ཕན་ཁོར་སྐྱོང་ཚོགས་པས་ལོ་གསར་རྗེས་ཀྱི་ཁོར་སྲུང་བྱ་འགུལ་སྤེལ་འགོ་བརྩམས་པ།
རྩོམ་པ་པོ། ལྷ་འབུམ་ཡག རྩོམ་སྒྲིག་པ། Michung དུས་ཚོད། 2017-2-20 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

མགོ་མང་སྤྱི་ཕན་ཁོར་སྐྱོང་ཚོགས་པས་ལོ་གསར་རྗེས་ཀྱི་ཁོར་སྲུང་བྱ་འགུལ་སྤེལ་འགོ་བརྩམས་པ།
     སྤྱི་ཟླ2པའི་ཚེས15ཉིན་མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་ཤ་རྒྱ་ཚན་ཆུང་དང་། ཇོ་སྲས་ཚན་ཆུང་། རུ་སྔུན་ཚན་ཆུང་བཅས་ཀྱིས་གཅིག་སྒྲིལ་གཞུང་ལམ་འགྲམ་དུ་འགྲུལ་བས་གང་འདོད་གཏོར་བའི་གད་སྙིགས་དག་གཙང་སེལ་བྱེད་ཆེད། མཐུན་ཚོགས་ཀྱི་བཀོད་སྒྲིག་ལྟར་ཁྱོན་ཚོགས་མི་བརྒྱ་དང་བདུན་ཅུ་ལྷག་གིས་སོ་སོ་རང་རང་ས་ཁུལ་གྱི་གཅིག་སྒྲིལ་གཞུང་ལམ་འགྲམ་དུ་ཁོར་ཡུག་གཙང་སྦྲའི་བྱ་འགུལ་ཞིག་སྤེལ་ཞིང་། དེར་ཁྱོན་བསྡོམས་སྤྱི་ལེ་ལྔ་བཅུ་ལྷག་གི་ལམ་ཐིག་ཡོད། གཅིག་སྒྲིལ་གཞུང་ལམ་ལ་མཚོན་ན་འགྲུལ་བཞུད་པ་མང་ཞིང་གད་སྙིགས་ཀྱི་ཐོན་ཚད་ཀྱང་དེ་བཞིན་མཐོ་པ་རེད། ཡིན་ཡང་ཚོགས་མི་དག་གིས་དེ་དཀའ་ལས་ཤིག་ཏུ་མི་བསམ་པར་ལྷག་བསམ་རྣམ་དག་གིས་ལམ་གྱི་གཡས་གཡོན་གཉིས་ནས་གད་སྙིགས་རླངས་འཁོར་གསུམ་ཙམ་བཏུས་ཏེ་ལམ་འགྲམ་གཙང་ཞིང་གྲལ་དག་པར་བྱས་ཤིང་། མཐར་མཐུན་ཚོགས་ཀྱི་གད་སྙིགས་ཆེད་སྤྱོད་རླང་འཁོར་གྱིས་དྲུད་ནས་མགོ་མང་གད་སྙིགས་ར་བར་བྱོ།

གང་སར་གཏོར་བའི་གད་སྙིགས།

གང་སར་གཏོར་བའི་གད་སྙིགས།

ལུས་ངལ་བ་མེད་པར་འཐུ་ནས་འགྲོ།

ལུས་ངལ་བ་མེད་པར་འཐུ་ནས་འགྲོ།

ལྷག་བསམ་གྱི་རང་མདངས།

གད་སྙིགས་འབྱོ་བཞིན་པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...