སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁ་བའི་ཀློང་གི་བདེ་འཇགས་སྲུང་མཁན།
རྩོམ་པ་པོ། ལྷ་འབུམ་ཡག རྩོམ་སྒྲིག་པ། Michung དུས་ཚོད། 2017-2-23 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཁ་བའི་ཀློང་གི་བདེ་འཇགས་སྲུང་མཁན།
     སྤྱི་ཟླ2པའི་ཚེས22ཉིན་མཚོ་ལྷོའི་ཡུལ་གྲུ་ཀུན་ལ་ཁ་བ་མཐུག་པོ་བབས་པས། མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་ཏང་ཨུའི་སྣེ་ཁྲིད་འོག མཐུན་ཚོགས་ཀྱི་འགན་འཛིན་པ་ཡོངས་དང་ཚན་ཆུང་སོ་སོའི་ཚན་གཙོ། དེ་མིན་ཉེ་འཁོར་ཚན་ཆུང་དག་གི་ཚོགས་མི་བཅས་ཁྱོན་མི་གྲངས་དགུ་བཅུ་ལྷག་གིས་སྔ་དྲོའི་ཆུ་ཚོད་དགུ་བ་ནས་ཕྱི་དྲོའི་ཆུ་ཚོད་དྲུག་གི་བར་དགུན་གྱི་གྲང་ངར་དང་ལྟོགས་སྐོམ་ལ་མ་འཛེམ་པར། མདོ་རྩེ་རི་ལམ་དང་ཁྲ་ཚང་འགག་གི་སྐྱོག་ལམ་སོགས་སུ་རླངས་འཁོར་བགྲོད་རྒྱུར་དཀའ་ཁག་ཡོད་པར་དམིགས་ནས། ལམ་ངོས་ཀྱི་ཁངས་ཕྱགས་པ་དང་རྡོ་ཟེགས་གཏོར་བ། ལྕགས་ཐག་བསྐོན་རོགས་བྱེད་པ། འགྱེལ་ཟིན་པའི་རླངས་འཁོར་ལེན་རོགས་བྱེད་པ། རླངས་འཁོར་བསྡད་རྗེས་འགྲོ་མ་ཐུབ་པ་ལ་ཐག་པས་འཐེན་པ་སོགས་ཐབས་ལམ་སྣ་ཚོགས་སྤྱད་ནས་གཅིག་སྒྲིལ་གཞུང་ལམ་སྟེང་བརྒྱུད་བཞིན་པའི་འགྲོན་པོ་ཁྲི་ཕྲག་མང་པོར་བདེ་འཇགས་ཀྱི་བགྲོད་ལམ་ཞིག་བསྐྲུན་པར་ལྷག་བསམ་རྣམ་དག་གིས་འབད་པ་ཧུར་ཐག་བྱས་པས། ཡུལ་འདིར་བརྒྱུད་བཞིན་པའི་མགྲོན་པོ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་རང་རང་དམིགས་སའི་གནས་སུ་ཤར་གཏོང་བྱེད་བཞིན་འདུག་གོ།

ལམ་གྱི་ཁངས་ཕྱགས་བཞིན་པ།

ལམ་གྱི་ཁངས་ཕྱགས་བཞིན་པ།


ལམ་དུ་ས་གཏོར་བཞིན་པ།

ལམ་ན་ཁེགས་པའི་རླངས་འཁོར།

རླངས་འཁོར་ལ་ལྕགས་ཐག་བསྐོན་རོགས་བྱེད་བཞིན་པ།

རླངས་འཁོར་འཕུད་བཞིན་པ།

རླངས་འཁོར་རེ་རེ་བཞིན་ལམ་ལ་འཇུག་བཞིན་པ།


ཁྱེད་ཀྱི་བདེ་འཇགས་ནི་ང་ཚོའི་བདེ་སྐྱིད་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...