སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕ་ཡུལ་གྱི་མཛེས་སྡུག་སྲུང་བའི་དང་བླངས་པའི་ཚོགས།
རྩོམ་པ་པོ། ལྷ་འབུམ་ཡག རྩོམ་སྒྲིག་པ། Michung དུས་ཚོད། 2017-3-6 10:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཕ་ཡུལ་གྱི་མཛེས་སྡུག་སྲུང་བའི་དང་བླངས་པའི་ཚོགས།
     གོམ་གང་མདུན་སྤོས་སྒོས་སྡེ་ཁུལ་དང་གཞུང་ལམ། དགོན་པ་བཅས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་ཆེད། སྤྱི་ཟླ3པའི་ཚེས4ཉིན་མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་ཏང་ཨུས་བཀོད་སྒྲིག་ལྟར། མཐུན་ཚོགས་ཀྱི་འགན་འཛིན་པ་ཡོངས་དང་སྨར་ཁམས་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣེ་ཁྲིད་དེ། སྨར་ཁམས་ཚན་ཆུང་གི་ཚོགས་མི146གཙོས་ཁྱོན་མི་གྲངས160ལྷག་གིས་སྡེ་བའི་ས་ཁུལ་བདུན་དང་སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་གི་ཉེ་འཁོར་གྱི་གད་སྙིགས་འཐུ་ཆེད། སྔ་དྲོའི་ཆུ་ཚོད་བཅུ་ཙམ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བའི་བར་ལ་ལུས་ཀྱི་ངལ་དུབ་དང་ཕོ་བའི་ལྟོགས་སྐོམ་ལ་མ་འཛེམ་པར། ག་ས་གང་དུ་ཁྱབ་པའི་གད་སྙིགས་དག་བཏུས་ནས། ལྷག་བསམ་རྣམ་དག་གིས་ཕ་ཡུལ་གྱི་ཁོར་ཡུག་ལེགས་བསྒྱུར་གྱི་ཕྱོགས་ལ་ཚོགས་མི་རེ་རེ་ནས་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་པས། ཡུལ་འདིའི་ཁོར་ཡུག་གཙང་སྦྲའི་རྣམ་པ་སྔར་ལས་ལྷག་པའི་ཇེ་ལེགས་ལ་འགྲོ་བཞིན་ཡོད། མཐར་ཉིན་གང་བོར་བཏུས་པའི་གད་སྙིགས་རླངས་འཁོར་ཆེ་ཆུང་དགུ་ཙམ་སྡེ་བའི་གད་སྙིགས་ར་བ་དང་མགོ་མང་གད་སྙིགས་ར་བར་བྱོ་ནས་མེད་པར་བྱས།

ལམ་འགྲམ་གྱི་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་པ།

ལམ་འགྲམ་གྱི་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་པ།

ལམ་འགྲམ་གྱི་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་པ།

རི་ལྟར་སྤུངས་བའི་གད་སྙིགས།

གད་སྙིགས་བྱོ་བཞིན་པ།

གད་སྙིགས་བྱོ་བཞིན་པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...