སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་ད་ལོའི་སྡོང་འཛུགས་ནགས་བསྐྲུན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-14 8:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
སྡོང་འཛུགས་ནགས་བསྐྲུན་བྱེད་བཞིན་པ།
        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས12ཉིན། མཚོ་ལྷོ་ཁུལ་གྱིས་2017ལོའི་སྡོང་འཛུགས་ནགས་བསྐྲུན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ། ཁུལ་གཏོགས་ལས་ཁུངས་སོ་སོའི་འགོ་ཁྲིད་དང་ལས་བྱེད་པ། དགེ་སློབ་དང་མང་ཚོགས་བཅས་སྡོང་འཛུགས་ནགས་བསྐྲུན་བྱ་འགུལ་ལ་ཞུགས་པ་རེད།
ལས་བྱེད་མི་སྣས་ཕ་ཡུལ་ལྗང་བསྒྱུར་ལ་ནུས་ཤུགས་འདོན་བཞིན་པ།
འགོ་ཁྲིད་ལས་བྱེད་མང་ཚོགས་ཡོངས་ཀྱིས་ཧུར་བརྩོན་སྡོང་འཛུགས་བྱས་པ་བརྒྱུད། ཆབ་ཆ་གྲོང་བརྡལ་བདེ་སྐྱིད་ཐང་དུ་སྡོང་འཛུགས་ནག་སྐྲུན་གྱི་བྱ་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད།
ལྗང་མདོག་གི་ཕ་ཡུལ་ཞིག་བསྐྲུན་པར་བརྩོན་བཞིན་པ།
       སློབ་གྲྭ་དང་ལས་ཁུངས། ཆབ་ཆ་རུ་སྡོད་པའི་དྲག་ཆས་ཉེན་རྟོག་དམག་དཔུང་སོགས་ཀྱི་མི1000ལྷག་གིས་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི260འཛུགས་རྒྱུའི་འཆར་གཞི་ཡོད།མཛེས་སྡུག་གི་བདེ་སྐྱིད་ཐང་ལ་ལྗང་མདོག་གི་ལྭ་བ་གསར་བ་གྱོན་པ་རེད། 2017ལོའི་སྡོང་འཛུགས་ནགས་བསྐྲུན་བྱ་བ་འགོ་བཟང་བོ་ཞིག་བརྩམས་པ་དང་། མུ་མཐུད་དུ་སྡོང་འཛུགས་ནགས་བསྐྲུན་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་སྒང་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...