སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གིས་མུ་གེ་ཐང་ལ་དཔྱིད་དུས་འོས་འགན་སྡོང་འཛུགས་ཀྱི་ལས་འགུལ་འགོ་བརྩམས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-25 17:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4པའི་ཚེས22ཉིན་ནས་བཟུང་། མང་རྫོང་གིས་རྫོང་སུམ་མདོ་བྱེ་སྣ་ནས༼མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་གསར་འཛུགས་གྲུབ་འབྲས་སྲ་བརྟན་དང་། ལྗང་མདོག སྐྱེ་ཁམས། འཆམ་མཐུན་མང་རྫོང་གསར་བ་བསྐྲུན་པ༽ བརྗོད་གཞི་ཡིན་པའི་མང་ཚོགས་ཁྲི་ཡིས་དཔྱིད་དུས་འོས་འགན་སྡོང་འཛུགས་ཀྱི་སྐུལ་སློང་ཚོགས་ཆེན་བསྡུས།
རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་ཚོགས་འདུ་ལ་མདོ་འཛིན་མཛད། རྫོང་རིམ་པའི་འགོ་ཁྲིད་རྣམས་པ་དང་རྫོང་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་མི་སྣ་ཡོངས། ཞང་གྲོང་རྡལ་སོ་སོའི་འབྲེལ་ཡོད་འགོ་ཁྲིད་དང་མང་ཚོགས། དམག་མི། ཉེན་རྟོག་རུ་ཁག སྤྱི་ཚོགས་ཚོགས་པ་བཅས་སྡོང་འཛུགས་བྱ་འགུལ་ལ་ཞུགས།
       ཚོགས་ཐོག་ཏུ༼མང་རྫོང་གི2017ལོའི་དཔྱིད་དུས་ནགས་བསྐྲུན་ལྗང་བསྒྱུར་ལག་བསྟར་བྱེད་ཐབས༽དང༼ནན་ཏན་སྒོས2017ལོའི་རྫོང་ཡོངས་ཀྱི་དཔྱིད་དུས་འོས་འགན་ནགས་བསྐྲུན་བྱ་འགུལ་སྤེལ་བའི་བརྡ་སྦྱོར༽སྒྲོག་འདོན་བྱས། རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་ཏེ་ཉིན10རིང་སྤེལ་རྒྱུ་ཡིན་པ་དང་འགན་ཁུར་མུའུ8980དེ་ས་ཁུལ་ཁག་བཅོ་ལྔ་ལ་