སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དར་མཚོ་རྫོང་གིས་དམངས་ཁྲོད་ཀྱི་ཁོར་ཡུག་གཙང་སྦྲ་ཚོགས་པར་གཟེངས་བསྟོད་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-27 16:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
           གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་གནས་ཁམས་ཆེན་བྲག་དཀར་སྤྲེལ་རྫོང་དུ་མགྲོན་པོ་ཁྲི༡༢༠ལྷག་གནས་མཇལ་དུ་འབྱོར་བས། ཁོར་ཡུག་སྦགས་བཙོག་དང་རྩྭ་ས་བྱེ་འགྱུར་གྱི་ཐད་ལ་གནོན་ཤུགས་ཆེན་པོ་བཟོས། དེར་དམིགས་ནས་དར་མཚོ་རྫོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཟའ་འཁོར་རེ་རེའི་གཟའ་མཇུག་ཏུ་སྡེ་ཁག་གཉིས་གསུམ་ཙམ་རྩ་འཛུགས་བྱས་ནས་དགོན་པའི་ཁོར་ཡུག་གཙང་སྦྲའི་ཐད་ལ་མཐའ་གཅིག་ཏུ་འབད་བརྩོན་ལྷོད་མེད་བྱས།དུས་མཚུངས་སུ་དར་མཚོ་རྫོང་གི་དམངས་ཁྲོད་ཀྱི་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་དང་བླངས་པ་སྐོར་ཞིག་གིས་ཀྱང་མ་སྐུལ་རང་འགུལ་སྒོས་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་ཁོར་ཡུག་གཙང་སེལ་གྱི་ཐད་ལ་སྟོབས་ཤུགས་མ་ལུས་རྩལ་དུ་སྤྲུགས་པས། དགོན་པའི་བླ་སྤྲུལ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་པ། རྒྱ་ཆེའི་མང་ཚོགས་བཅས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ་ཁོར་ཡུག་གཙང་སེལ་གྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་མི་དམན་པ་ཐོན།
          སྤྱི་ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། གནས་མཆོག་བྲག་དཀར་སྤྲེལ་རྫོང་ནས་དར་མཚོ་རྫོང་གི་དམངས་ཁྲོད་ཀྱི་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་དང་བླངས་པ་དེ་དག་ལ་དཔའ་དར་འཐེན་ཞིང་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས་པ་དང་། ཚོགས་པ་བཅུ་དགུ་དང་ཚོགས་མི་ལྔ་བརྒྱ་ལྷག་གཟེངས་བསྟོད་ཚོགས་འདུར་ཞུགས།  དགོན་པས་ཚོགས་པ་དང་ཚོགས་མི་དེ་དག་གིས་དགོན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་རང་རང་གི་ནུས་པ་གང་ཡོད་བཏོན་པར་བཀའ་དྲིན་ཞུས་པ་དང་ཆབས་ཅིག ཚོགས་པ་རེ་རེར་གཟེངས་བསྟོད་བྱ་དགའ་བྱིན་ནས་ཡིད་སེམས་མཚོན་པར་བྱས
          བྱ་དགའི་ཚོགས་འདུའི་རྗེས་སུ་ཚོགས་མི་རྣམས་པས་ཡང་བསྐྱར་དགོན་པའི་ཁོར་ཡུག་ལ་གཙང་སེལ་བྱེད་པའི་བྱ་འགུལ་ཐེངས་ཤིག་སྤེལ་བ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...