སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་སྤྱོད)》ལག་བསྟར་བྱ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-28 14:44:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས།
    ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་སྤྱོད)》(གཤམ་དུ་བསྡུས་མིང་ལ་སྲོལ་ཡིག་ཅེས་འབྲི་རྒྱུ་ཡིན)ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2017ལོའི་ཟླ8པའི་ཚེས1ཉིན་ནས་བཟུང《སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེས་རྗེས་ཕྱོགས་སུ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ས་ཁུལ་ཐོག་མའི་དོ་དམ་དང་སྲུང་སྐྱོབ་བྱ་བ་སོ་སོ་ལ་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་མཚོན་ཡོད།
    རྒྱུས་ལོན་པ་ལྟར་ན། 《 སྲོལ་ཡིག》འདི་ནི་ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས34པའི་སྟེང་གྲོས་འཆམ་བྱུང་སྟེ་ཁྱབ་བསྒྲགས་བྱས་པ་དང་། ཟླ8པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
    《 སྲོལ་ཡིག》གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་། ལྷག་པར་དུ“3.10”གསུང་བཤད་དང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་བ་དང་། ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དཔར་འགྲེམ་བྱས་པའི《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་ས་ཁུལ་གྱི་ཇུས་གཞི》གཞིར་བཟུང་སྟེ། “བསྒྱུར་བ་བཞི”ཡི་བསམ་ཕྱོགས་གསར་པ་ལག་ལེན་དོན་འཁྱོལ་བྱེད་པ་དང་། ད་ལྟའི་དངོས་ཡོད་ལ་རྐང་ཚུགས་པ། རྒྱང་རིང་ལ་བསམ་བློ་གཏོང་བ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རྙིང་གཏོར་གསར་འཛུགས་བྱེད་པ། སླ་མོར་གཏོང་བ་ལས་རྙོག་འཛིང་ཅན་དུ་གཏོང་མི་རུང་བའི་རྩ་དོན་བཅས་རྒྱུན་འཁྱོངས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་ལོ་འདི་འགའི་རིང་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་ཅིང་། དེས་དོ་དམ་གྱི་སྒྲིག་གཞི་ནང་རྐྱེན་བཅོས་བསྒྱུར་བྱེད་པའི་བླང་བྱ་མཚོན་པར་མ་ཟད། རི་ཆུ་ནགས་རྩྭ་མཚེའུ་བཅས་ཕུང་གཅིག་ཅན་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་བླང་བྱ་ཡང་མཚོན་ཡོད། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ཁ་ཐོར་ཡིན་པ་སྟེ“དོན་དག་གཅིག་ཕྱོགས་མང་པོས་དོ་དམ་བྱེད་པ”ཡི་འབུར་ཐོན་གནད་དོན་ཐག་གཅོད་རྒྱུ་རེད།
    《 སྲོལ་ཡིག》ལ་བསྡོམས་པས་ལེའུ8དང་དོན་ཚན77དབྱེ་ཡོད། སྤྱིའི་རྩ་དོན་དང་དོ་དམ་སྒྲིག་གཞི། འཆར་འགོད་འཛུགས་སྐྲུན། ཐོན་ཁུངས་སྲུང་སྐྱོབ། དོ་དམ་བེད་སྤྱོད། སྤྱི་ཚོགས་ཟབ་ཞུགས། ཁྲིམས་ལུགས་འགན་འཁྲི་བཅས་ཀྱིས་གྲུབ་ཡོད། ཁྲིམས་འཛུགས་དམིགས་ཡུལ་དང་གཞི་འཛིན་ས། བེད་སྤྱོད་འཚམ་པའི་ཁྱབ་ཁོངས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོབ་དབང་དང་བྱེད་ནུས་དབྱེ་འབྱེད། དོ་དམ་མ་ལག ལས་ཁུངས་འཛུགས་པ། ལས་ཁུངས་ཀྱི་འགན་འཁྲི། སྐྱེ་ཁམས་ཀྱི་སྤྱི་ཕན་ལས་རྐང་། སྒྲིག་ཁོངས་མི་གྲངས་ལ་འཆར་འགོད་དང་ཁག་འབྱེད་པར་འཆར་འགོད་བྱེད་པ། བྱ་རིམ་ལ་སྙོམས་སྒྲིག་བྱེད་པར་འཆར་འགོད་བྱེད་པ། བྱེད་ནུས་ས་ཁུལ་ལ་དབྱེ་བ་འབྱེད་པ།སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན། སྲུང་སྐྱོབ་ཀྱི་འདུ་ཤེས་དང་། ཐོན་ཁུངས་བརྟག་དཔྱད། སྲུང་སྐྱོབ་བྱེད་ཡུལ་གཙོ་བོ། སྐྱེ་ཁམས་ཀྱི་ཁ་གསབ། བཀག་སྡོམ་རང་བཞིན་གྱི་བྱ་སྤྱོད་བཅས་ཀྱི་ནང་དོན་འདུས་ཡོད།
    《 སྲོལ་ཡིག》ཏུ་གཙོ་བོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་སྲུང་སྐྱོབ་དང་། དོ་དམ་སྒྲིག་གཞི། སྤྱི་གླིང་འཛུགས་སྐྲུན། དོ་དམ་བེད་སྤྱོད། སྤྱི་ཚོགས་ཟབ་ཞུགས། ཁྲིམས་ལུགས་འགན་འཁྲི་བཅས་ཀྱི་ནང་དོན་གཏན་འཁེལ་དང་བླང་བྱ་གསལ་པོ་བཏོན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...