སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབྲོང་འཐུས་ཞང་གིས་ཁོར་ཡུག་ལེགས་སྒྲིག་བྱ་བར་བཀོད་སྒྲིག་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-23 12:11:00 རྩོམ་ཁུངས། བྲག་དཀར་རྫོང་ཉི་འོད་སྲིད་དོན། ཀློག་གྲངས།

     འབྲོང་འཐུས་ཞང་གིས་གཅིག་བསྡུས་སྒོས་ཁོར་ཡུག་ལེགས་སྒྲིག་བྱེད་པའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས།
     ཀྲུང་དབྱང་གི་ཁོར་སྲུང་ལྟ་དཔྱད་ཚན་ཁག་བདུན་པའི་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལྟར། འབྲོང་འཐུས་ཞང་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་བྱ་བའི་མགོ་ཁུངས་ནས་དམ་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་གཙང་སྦྲའི་ལེགས་སྒྲིག་བྱ་བ་དུས་རྒྱུན་གྱི་བྱ་བའི་ཁྲོད་བཞག་ནས་དང་ལྷོད་མེད་པར་དམ་འཛིན་བྱས། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་པའི་ཉིན་མོ་ནས་བཟུང་། ཞང་ཏང་ཨུ་དང་སྲིད་གཞུང་གིས་སྐུལ་སློང་མྱུར་མོ་དང་། གྲ་སྒྲིག་གང་ལེགས། རྩ་འཛུགས་ཡང་དག ཐབས་ཤེས་ནུས་ལྡན་བཀོལ་ནས། ཁོར་ཡུག་གཙང་སྦྲའི་ལེགས་སྒྲིག་བྱ་བ་ཏན་ཏིག་གིས་སྤེལ།
     འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། རྫོང་ཨུས་འབྲེལ་ཡོད་ཡིག་ཆ་བཀྲམ་རྗེས། འབྲོང་འཐུས་ཞང་གིས་དུས་ལྟར་མགོ་ཁྲིད་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཁོར་ཡུག་གཙང་སྦྲའི་ལེགས་སྒྲིག་བྱ་བ་བཀོད་སྒྲིག་གང་ལེགས་དང་། ཐེངས་འདིའི་བྱ་འགུལ་གྱི་ནང་དོན་དང་ཚད་གཞི། ཁ་ཕྱོགས་དང་དམིགས་ཡུལ་བཅས་གསལ་བོ་བྱས་པར་མ་ཟད། འགན་ཁུར་བདའ་དེད་ཀྱི་སྒྲིག་ལམ་གསལ་བོ་དང་ཞང་སྲིད་གཞུང་གིས་ཐོག་མར་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། ཁོར་ཡུག་གཙང་སྦྲའི་ལེགས་སྒྲིག་གི་འགན་ཁུར་དུས་ལྟར་འགྲུབ་མི་ཐུབ་པའི་སྡེ་འབྲེལ་ལས་བྱེད་པ་དང་། སྡེ་བའི་ཨུ་གཉིས་ཀྱི་ཚོགས་པར་ཚ་འདྲིའི་ཁ་བརྡ་བྱེད་རྒྱུའི་གཏན་འབེབ་བྱས་པས། གོང་འོག་ཀུན་གྱི་ཁོར་ཡུག་སྲུང་སྐྱོབ་འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་། དེ་མིན་ད་དུང་། བྱ་འགུལ་གྱི་སྐབས་སུ་རྒྱ་བོད་ཡིག་རིགས་ཟུང་གི་ལམ་ནས་དྲིལ་སྒྲོག་བྱང་བུ80དང་། འཕྲེད་བྱང 3བཀལ་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་དང་བསམ་བློ་ཇེ་མཐོ། མིག་རྒྱང་ཇེ་རིང་དུ་གཏང་བར་དགེ་མཚན་ལྡན་པའི་ནུས་པ་མི་དམན་པ་ཐོན།
     བྱེ་བྲག་གི་བྱ་བ་ནས་མགོ་བརྩམས། གཅིག་ནས་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་རྩ་འཛུགས་བྱས་ཏེ། ཞང་གྲོང་གི་གཞུང་ལམ་གཡས་གཡོན་དུ་ཁྲིམས་འགལ་གྱིས་སྦྱར་པའི་དྲིལ་སྒྲོག་བྱང་བུ་དང་། ལམ་ངོས་ཀྱི་གད་སྙིགས། ཐང་མར་རྡལ་བའི་སྙིགས་རོ་སོགས་གཙང་སེལ་བྱས། གཉིས་ནས་ཞང་དང་སྡེ་བའི་ལམ་གཙོ་བོ་དག་གི་གཡས་གཡོན་གྱི་གད་སྙིགས་གཙང་སེལ་བྱས། གསུམ་ནས་ཞང་གི་ཚོང་རའི་དོ་དམ་ཇེ་དྲག་དང་བྱེ་བྲག་ཏུ་ཚོང་པ་ཕན་ཚུན་བར་གཙང་སྦྲའི་གན་རྒྱ་ཡི་གེ་བཞག བཞི་ནས་སྡེ་འབྲེལ་ལས་བྱེད་པ་སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་སྟེ། དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...