སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་མང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་བྱ་བ་རྒྱུན་འཁྱོངས་བྱས་པ་སྔར་ལས་བཟང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-23 12:14:00 རྩོམ་ཁུངས། ཀོས་ནན་སྲིད་དོན། ཀློག་གྲངས།

     ཀོས་ནན་རྫོང་ཡོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་མང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་བྱ་བའི་སྤྱིའི་བླང་བྱ་ལྟར། གཅིག་བསྡུས་སྒོས་ཁོར་ཡུག་འཕྲོད་བསྟེན་གྱི་བྱ་བ་ལེགས་སྒྲིག་བྱས་ཏེ། མགྱོགས་མྱུར་ངང་གྲོང་རྡལ་ཡོངས་ཀྱི་མཁར་གྲོང་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་ནས། ཁྱོན་ཡོངས་ནས་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་ལས་ལ་སྡེ་དམངས་ཡོངས་ཞུགས་ཏེ་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་པའི་འབོད་སྐུལ་བཏང་།
     གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག གྲོང་རྡལ་ཡོངས་ཀྱིས་གཅིག་བསྡུས་སྒོས་ཁོར་ཡུག་འཕྲོད་བསྟེན་ལ་ལེགས་སྒྲིག་བྱས་པ་དང་། ཁོངས་གཏོགས་འཕྲོད་བསྟེན་གྱི་ངོ་བོར་མངོན་གསལ་གྱི་བཅོས་བསྒྱུར་བྱས། སྤྱིའི་ཆ་ནས་བལྟས་ན། གཞུང་ལམ་འགྲམ་རྒྱུད་ཀྱི་སྡེ་བའི་ཁོར་ཡུག་གཙང་སྦྲ་བྱས་པ་ཅུང་མགྱོགས་ལ། ལུང་ཁུག་ན་ཡོད་པའི་སྡེ་བའི་ཁོར་ཡུག་གཙང་སྦྲ་བྱས་པ་དང་གད་སྙིགས་གཙང་བཤེར་བྱས་པ་ཅུང་རྗེས་ལུས་རེད།
     གྲོང་རྡལ་གྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་བྱེད་ཐབས་ལེགས་པོ་སྤྱད་ནས།  ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལག་བསྟར་བྱས་ཤིང་།ནུས་ཤུགས་ཡོད་དགུས་གྲོང་རྡལ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས། མིག་སྔའི་བར་ཏུ་ཏང་ཡོན་ལས་བྱེད་དང་མང་ཚོགས2000ལྷག་རྩ་འཛུགས་བྱས་ཏེ་དུས་གཏན་ནང་ཁོར་ཡུག་འཕྲོད་བསྟེན་བྱ་བ་བཅོས་སྐྱོང་བྱས།  ཉིན་རེ་ཆ་སྙོམས་ཀྱིས་ཐེངས20ལྷག་ལ་གད་སྙིགས་སྐྱེལ་འདྲེན་དང་བྱས་པ་དང་། བསྡོམས་པས་གད་སྙིགས་ཏུན560ལྷག་གཙང་བཤེར་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...