སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་སྲུང་མཐུན་ཚོགས་ཀྱི་བྱ་བའི་བསྡུས་འཕྲིན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-30 8:39:00 རྩོམ་ཁུངས། ཀོས་ནན་སྲིད་དོན། ཀློག་གྲངས།

     སྤྱི་ཟླ8པའི27ཉིན། "སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མི་དང་རང་བྱུང་ཁམས་བར་འཆམ་མཐུན་ངང་གོང་དུ་འཕེལ་བའི་དགོས་ངེས་ཀྱི་བླང་བྱའང་ཡིན"པར་གཞིགས་ནས། ཁོར་ཡུག་གི་སྦགས་བཙོག་གིས་སྤྱི་ཚོགས་འཕེལ་རྒྱས་ལ་གནོན་ཤུགས་མི་སྟེར་ཆེད་ངེད་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་འོག་གློ་རྒྱ་ཚན་ཆུང་གི་ཚོགས་མི38ལྷག་གིས་ཁ་ཐོག་ནས་གོང་ཁ་བར་དུ་གཅིག་སྒྲིལ་གཞུང་ལམ་འགྲམ་དང་ཟམ་འོག།ལམ་འགྲམ་གྱི་རྩྭ་ར་སོགས་ཀྱི་གད་སྙིགས་ཡོངས་སུ་བཏུས་ཏེ། གཅིག་སྒྲིལ་གཞུང་ལམ་བརྒྱུད་པའི་སྐུ་མགྲོན་དག་ལ་སྤྲོ་སྣང་གི་འགྲུལ་བཞུད་ཅིག་བསྐྲུན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...