སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཝང་གོ་ཧྲིན་གྱིས་མཚོ་ལྷོའི་ཁོར་སྲུང་བྱ་བར་རྟོག་ཞིབ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-6 12:17:00 རྩོམ་ཁུངས། མཚོ་ལྷོའི་བོད་ཡིག་སྨྱན་གསར། ཀློག་གྲངས།
     ཟླ9བའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་རང་ཁུལ་གྱི་གུང་ཧོ་རྫོང་ཉི་འོད་ནུས་པའི་ཐོན་ལས་ར་བར་ཡོང་ནས། ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ། སྒྱུར་བ་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་འགྲོ་དགོས་པའི་འདུ་ཤེས་ཡིད་ལ་དམ་པོར་ཉར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲི་གཡོལ་མེད་དངོས་འབེབས་བྱེད་པ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་འཁོར་སྐྱོད་བཟང་བོ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བ་བཅས་ལ་འབད་མཐར། སྐྱེ་ཁམས་སྲུང་སྐྱོང་ གི་ད་ཡོད་ཕན་འབྲས་ལ་བརྟེན་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
     ཝང་གོ་ཧྲིན་ཉི་འོད་ནུས་པའི་ཐོན་ལས་ར་བར་ཡོང་ནས། མཛེས་ལྗོངས་ལ་ལྟ་སའི་སྟེགས་བུའི་སྟེང་ཡུལ་ལྗོངས་ཧྲིལ་བོར་བལྟས་ཤིང་། ཉི་འོད་ནུས་པའི་རྟེན་གཞི་ནས་ཁོག་སྟོད་སྒུར་ཏེ་ཕྱུགས་རྩྭ་དང་སྐྱེ་དངོས་སྐྱེས་པའི་རྣམ་པ། རླུང་གི་མགྱོགས་ཚད། རླངས་འགྱུར་བྱེད་ཚད་བཅས་ཀྱི་འགྱུར་ལྡོག་གྱིས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཁེ་ལས་འཆར་འགོད་བཀོད་འགྲེམ་དང་ཁོར་ཡུག་སྲུང་སྐྱོབ། ཚན་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ཉན། ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དམ་འཛིན་བྱེད་རྒྱུ་ནི་འཕེལ་རྒྱས་དམ་པོར་བཟུང་བ་དང་འདྲ་ཞིང་། ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་དོན་གྱིས་དམངས་ཚིས་ལ་ཕན་བདེ་བསྐྲུན་པ་དང་ཁྱད་མེད། བཟོ་ལས་ར་བས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པའི་དུས་མཚུངས་སུ། སྐྱེ་ཁམས་སླར་གསོ་བྱས་ཏེ་མང་ཚོགས་ཕྱུག་འགྱུར་འགྲོ་བར་སྣེ་ཁྲིད་བྱས་ཤིང་། མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་ཀྱི་སྐྱེ་ལྡན་གཅིག་བསྡུས་རྣམ་པ་མངོན་དུ་གྱུར་ཡོད་ཟེར།
     ཁོས་ཁེ་ལས་ཀྱིས་ཧུར་བརྩོན་ཆེན་པོས་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚན་རིག་ཞིབ་འཇུག་ལ་སྐུལ་སྤེལ་བྱས་ནས། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་འཁོར་སྐྱོད་བཟང་བོའི་མཚོ་ལྷོའི་རྣམ་པར་འཚོལ་ཞིབ་བྱས་པ་བརྒྱུད། རྩྭ་ཐང་སྲུང་སྐྱོང་དང་གློག་འདོན་ས་ཚིགས་འཕེལ་རྒྱས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བར་འབད་དེ། མི་དང་རང་བྱུང་ཁམས་འཆམ་མཐུན་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...