སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཝང་གོ་ཧྲིན་གྱིས་ཚལ་རྔ་འགག་ཆུ་གློག་ས་ཚིགས་སུ་རྟོག་ཞིབ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-8 8:45:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།

     ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གུང་ཧོ་རྫོང་ཚལ་རྔ་འགག་ཆུ་གློག་ས་ཚིགས་སུ་ཡོང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཐད་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་བ་དང་བསྒྱུར་བ་བཞི་ལག་བསྟར་བྱེད་པ། དགེ་མཚན་ཐོན་ཁུངས་ལ་རྒྱབ་རྟེན་པ། འཕེལ་རྒྱས་བསམ་བློར་གསར་གཏོད་བྱེད་པ། མྱུར་དུ་ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཚལ་རྔ་འགག་སོགས་ཆུ་མཛོད་ཁུལ་དེ་སྐྱེ་ཁམས་དང་རིག་གནས། ལུས་རྩལ། ཡུལ་སྐོར་ལྗོངས་རྒྱུ་ཁུལ་བཟང་བོར་འཛུགས་སྐྲུན་བྱེད་དགོས་ཟེར།
     ཚལ་རྔལ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱི་རྨ་ཆུའི་སྟོད་རྒྱུད་ཀྱི་འཆར་འགོད་འཛུགས་སྐྲུན་གྱི་སྐས་རིམ་ཆུ་གློག་ས་ཚིགས་ཆེས་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་འཛུགས་སྐྲུན་མཁན་ཁྲི་ལྔ་ཙམ་གྱིས་དུས་ཡུན་ལོ་ངོ་བཅུ་གསུམ་གྱི་འཛུགས་སྐྲུན་བརྒྱུད་དེ་ཡོངས་འགྲུབ་བྱས་པ་ཡིན་པ་དང་། དེས་དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུའི་སྐབས་ཀྱི་ཀྲུང་གོའི་ཆུ་གློག་བཟོ་སྐྲུན་གྱི་ཆེས་མཐོ་བའི་ཆུ་ཚད་མཚོན་ལ། ད་སྐབས་ད་དུང་གློག་འདོན་དང་ཆུ་ལོག་འགོག་པ། ཆུ་གཏོང་། ཡུལ་སྐོར། གསོ་སྤེལ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད།
     ཝང་གོ་ཧྲིན་གྱིས་ཡུལ་དངོས་ནས་རྨ་ཆུའི་གཞུང་རྒྱུན་གྱི་སྐས་རིམ་ཆུ་གློག་ས་ཚིགས་ཀྱི་གསར་སྤེལ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཆུ་མཛོད་ཁུལ་གྱི་ཆུ་གསོག་དང་ཆུའི་ཐོན་ཁུངས་བཀོད་སྒྲིག དྲ་སྒམ་གསོ་སྤེལ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།
     ཝང་གོ་ཧྲིན་གྱིས་བསྟན་དོན། ཚལ་རྔ་འགག་ཆུ་གློག་ས་ཚིགས་ནི་རྨ་ཆུའི་ཆུ་རགས་དང་པོ་ཡིན་པ་དང་། ད་ལོར་ཚལ་རྔ་འགག་གྲོང་རྡལ་དེ་རྒྱལ་ཁབ་ཀྱི་སྐོར་ཁག་གཉིས་པའི་ཁྱད་ལྡན་གྲོང་རྡལ་གྱི་གྲས་སུ་ཚུད། གྲོང་གསེབ་དང་ཡུལ་སྐོར་ཁུལ་གཅིག་གྱུར་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པར། སྐྱེ་ཁམས་འདུ་ཤེས་དང་རིག་གནས་འདུ་ཤེས་འཛུགས་པ་དང་། མགོ་ཚུགས་ས་མཐོན་པོ་དང་ཆུ་ཚད་མཐོན་པོས་ཁྱད་ལྡན་གྲོང་རྡལ་དང་ཡུལ་སྐོར་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་དམ་འཛིན་བྱེད་པ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྒྱུ་སྤུས་མཐོར་འདེགས་བྱེད་པ། ཁྱད་ལྡན་ཡུལ་སྐོར་ཞབས་ཞུའི་རྩོལ་ནུས་དང་གཞུང་ལམ། བཟའ་བཏུང་། རླངས་འཁོར་འཇོག་ས། སྤྱོད་ཁང་སོགས་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱད་ལྡན་གྲོང་རྡལ་དང་ཁྱད་ལྡན་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱས་ནས། རྨ་ཆུའི་གྲོང་རྡལ་དང་པོ་འཛུགས་སྐྲུན་བྱེད་དགོས་ཟེར།
     ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྨ་ཆུའི་སྟོད་རྒྱུད་ཀྱི་རི་ཆུའི་ཐོན་ཁུངས་ཀྱི་དགེ་མཚན་ལ་ཞིབ་འཇུག་ནན་མོ་བྱེད་པ་དང་། མིག་རྒྱ་དང་བསམ་བློ་རྒྱ་བསྐྱེད་པ། འཕེལ་རྒྱས་ཀྱི་རྣམ་པར་གསར་གཏོད་བྱེད་པ། རྨ་ཆུའི་རིག་གནས་དང་བཟོ་ལས་རིག་གནས། མི་རིགས་རིག་གནས་སྲོག་རྩར་བྱས་ཏེ། ཚལ་རྔ་འགག་ཆུ་མཛོད་ཁུལ་དེ་ལྟ་སྐོར་དང་རིག་གནས་མྱོང་ཚོར། ལུས་རྩལ་ལུས་སྦྱོང་། ལུས་གསོ་སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་གནས་སྐོར་དམིགས་འབེན་ས་ཁུལ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།
     ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...