སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-15 11:02:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

     ཉེ་ཆར། གསར་འགོད་པས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་འཆར་འགོད་ལྟར་ཉིན་ལྔའི་རིང་ལ་ཤ་རྒྱ་དང་ཆོས་ཚ་སྡེ་བ་གཉིས་ཀྱི་ས་ཁུལ་ནས་བྱེ་འགོག་བྱེ་བཅོས། དེ་མིན་ཁོར་ཡུག་གཙང་སེལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕྱོགས་ལ་རྒྱུས་ལོན་དང་བཅར་འདྲི་བྱས་ཤིང་། གློ་རྒྱ་སྡེ་བ་ནས་ས་ནག་ལེགས་བཅོས་ཕྱོགས་ལ་བཅར་འདྲི་བྱས་པ་དང་། བྲག་དཀར་དང་ཅོ་སེར་སྡེ་བའི་ཕྱོགས་ནས་ཆུ་མིག་དང་གཙང་པོ་སྲུང་སྐྱོབ་བྱས་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཀྱི་འབྲས་བུའི་ཕྱོགས་ལའང་བཅར་འདྲི་མང་པོ་བྱས། རྟ་ར་དང་རྡོ་ར་སྡེ་བའི་རྨ་འགྲམ་རི་དྭགས་སྲུང་སྐྱོབ་ཁུལ་དང་སྐྱ་ར་བཀག་སྡོམ་ཁུལ་བཅས་སུ་རི་དྭགས་སྲུང་སྐྱོབ་ཐད་ནས་གསར་འགོད་པར་མཚམས་སྦྱོར་བྱས་ཤིང་། གཞན་ཡང་ཐེངས་འདིའི་བྱ་འགུལ་ལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཚན་ཆུང་སོ་སོའི་ཚན་གཙོ་གཞོན་དང་། མཐུན་ཚོགས་བཟོ་ཚོགས་དང་མཐུན་ཚོགས་གུང་གཞོན་ཚོགས་པའི་ཚོགས་མི་བཅས་ཆ་སྙོམས་ཉིན་རེར་ཚོགས་མི250ཡས་མས་བྱ་འགུལ་ལ་ཞུགས་པར་མ་ཟད།  མཐུན་ཚོགས་ཀྱི་དམངས་སྲོལ་རྒྱུན་འཛིན་ཚོགས་པའམ་ཡུལ་སྨད་གཞིའི་རྒན་རབས་ཚན་ཆུང་ལ་བཅར་འདྲི་བྱས། ཁོ་ཚོས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཕྱོགས་དང་། མགོ་མང་ས་ཁུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་བཞིན་ལྡན་པའི་ཁེད་དང་གནའ་གཏམ། ས་མིང་ཆུ་མིང་གི་དཔེ་ཆ་གཉིས་དཔར་རྒྱུ་ཡིན་པའི་ལོ་མཇུག་གི་འཆར་འགོད་སོགས་ཨ་མདོའི་བརྙན་འཕྲིན་གྱི་གསར་འགོད་པར་ངོ་སྤྲོད་བྱས། ཉིན་ལྔའི་བཅར་འདྲིའི་སྐབས་དེར་ཞིང་ཆེན་བཟོ་ཚོགས་ཀྱི་འགོ་ཁྲིད་དང་ཁུལ་བཟོ་ཚོགས་ཀྱི་ཀྲུའུ་ཞི། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་བཟོ་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱང་མཐུན་ཚོགས་ལ་གཟིགས་ཞིབ་ཏུ་ཕེབས་ནས་མཐུན་ཚོགས་ཀྱི་བྱ་བའི་འབྲས་བུར་གདེང་འཇོག་མཐོན་པོ་གནང་། ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ལ་སྔ་གཞུག་དུ་ཞིང་ཆེན་རིམ་པའི་གསར་འགྱུར་ལས་ཁུངས་ཐེངས་དྲུག་བཅར་འདྲིར་འོངས།

     NGOསྟེ་དམངས་ཁྲོད་རྩ་འཛུགས་ཀྱི་ནུས་པ་ཡར་བསྐྱེད་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣོན་ཡོང་ཆེད། ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ཕྱི་ཟླ11པའི་ཚེས11ཉིན་ལ་མགོ་མང་གྲོང་རྡལ་དུ་བསྡུས་འཕྲིན་འབྲི་སྟངས་དང་པར་ལེན་སྟངས། པར་རིས་སྒྲིག་སྟངས་བཅས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ། འཕྲིན་གཏོང་མཁན་བཅུ་དྲུག་དང་མཐུན་ཚོགས་ཀྱི་ཚན་ཆུང་འགོ་འཛིན་པ་བསྡོམས་པས་མི་སུམ་ཅུ་ལྷག་གིས་སློབ་ཁྲིད་ལ་ཉན། ཐེངས་འདིའི་བསྡུས་འཕྲིན་གསོ་སྦྱོང་བྱ་འགུལ་ནི་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་བསྡུས་འཕྲིན་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ནས་ཇུས་འགོད་བྱས་ཐོག་མཐུན་ཚོགས་ཀྱི་དྲུང་ཆེན་ནམ་བསྡུས་འཕྲིན་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཞུས་ཆེན་འབུམ་བྱམས་རྒྱལ་དང་དྲུང་གཞོན་ནམ་བསྡུས་འཕྲིན་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཡིག་སྒྱུར་བ་གནམ་ལྷ་རྒྱལ་བཅས་ནས་བསྡུས་འཕྲིན་ཁྲོད་རྒྱུན་མཐོོང་རྩོམ་སྐྱོན་དང་པར་ལེན་སྒྱུ་རྩལ། བསྡུས་འཕྲིན་རྩོམ་སྒྲིག་བཅས་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་བྱས། བསྡུས་འཕྲིན་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཞུས་ཆེན་འབུམ་བྱམས་རྒྱལ་གྱིས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་བསྡུས་འཕྲིན་ནི་ཉིས་སྟོང་དྲུག་ལོར་མགོ་བརྩམས་ནས་ད་བར་དུ་ཁྱོན་བསྡོམས་སྤེལ་གྲངས་གྱ་བརྒྱད་ལོན་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་བསྡུས་འཕྲིན་སྐྱེལ་ཡུལ་ནི་མང་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། རྫོང་དམངས་སྲིད་ཅུའུ། རྫོང་ཁོར་སྲུང་ཅུའུ། རྫོང་གུང་གཞོན་ཚོགས་པ། རྫོང་བཟོ་ཚོགས།  མགོ་མང་གྲོང་རྡལ་མི་དམངས་སྲིད་གཞུང་། མགོ་མང་གྲོང་རྡལ་ཕྱོགས་གཏོགས་སྡེ་ཨུ་བཅས་ཡིན་ཟེར། དེ་ཡང་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་བསྡུས་འཕྲིན་ནི་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་ལ་བྱ་བ་སྙན་སྒྲོན་གྱི་ནུས་པ་འདོན་སྤེལ་བྱས་པས་མི་ཚད། ད་དུང་སྐད་འཕྲིན་རྒྱབ་ལྗོངས་ལ་བཀོད་དེ་སྤྱི་ཚོགས་ཡོངས་སུ་དྲིལ་སྒྲོག་གི་གོ་ཆོད་པ་རེད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...