སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆི་ལེན་རྫོང་སོགས་སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་གྱི་དཔེ་སྟོན་གྲོང་ཁྱེར་དུ་བདམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-2-1 10:07:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།
     ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བ་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་ཞེས་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བ་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་གཉིས་ལག་ལེན་མཐར་ཕྱིན་བྱེད་པ་དང་རྒྱལ་ཡོངས་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་སྐྱེ་ཁམས་ཉམས་གསོ་གྲོང་ཁྱེར་གྱི་ཉམས་གསོ་བྱ་བའི་ཡུལ་དངོས་གྲོས་ཚོགས་ཀྱི་འབྲེལ་ཡོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་ཉམས་མྱོང་འཚོལ་ཞིབ་དང་སྤྱི་སྡོམ་བྱས་ནས་གྲོང་ཁྱེར་ཚུལ་སྒྱུར་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་བྱ་བའི་ལག་བསྟར་བསམ་འཆར་གཞིར་བཟུང་བ་དང་། གྲོང་ཁྱེར་སོ་སོ་དང་རྫོང་སོ་སོས་རང་འགུལ་སྒོས་ཡིག་ཐོག་སྙན་ཞུ་བྱས་པའི་རྨང་གཞིའི་སྟེང་ཆི་ལེན་རྫོང་དང་ཐེམ་ཆེན་རྫོང་། མིན་ཡོན་རྫོང་བཅས་སྐོར་དང་པོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་གྱི་དཔེ་སྟོན་གྲོང་ཁྱེར་དུ་གདམས།
     སྐོར་དང་པོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་གྱི་དཔེ་སྟོན་བྱ་བ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་འགོ་བརྩམས་པ་དང་ཉམས་གསོ་དང་ལེགས་སྒྱུར་དུས་ཡུན་ལོ་གཉིས་ཡིན། དཔེ་སྟོན་རྫོང་གིས་འཆར་འགོད་དང་ཇུས་འགོད་བྱས་པའི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་དཔེ་སྟོན་བྱ་བའི་རྩ་འཛུགས་རྣམ་པ་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་དེའི་ཐད་ཀྱི་མ་དངུལ་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། སྐྱེ་ཁམས་ཉམས་གསོ་དང་གྲོང་ཁྱེར་ལེགས་སྒྱུར་ཐད་ཀྱི་ཡུན་ཕན་ནང་རྐྱེན་ལ་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...