སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སེམས་ཀྱི་ཉི་ཟླས་ནགས་ཕག་མཚོའི་ཉ་རོ་གཙང་སེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-29 14:41:00 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས།

      ཉེ་ཆར། ནགས་ཕག་མཚོ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འགོ་ཁྲིད་ཁྲིན་ཀྲི་མིང་གིས་གྲང་ངར་ལ་མ་འཛེམ་པར་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་ནས་ནུས་ཤུགས་ཡོད་རྒུས་མཚོ་ངོགས་གཙང་དག་བྱས་པ་རེད།
     མཚོ་ངོགས་གཙང་དག་གི་ལས་ཀ་སྒྲུབ་པ་ནས་ད་ལྟའི་བར་ཉ་ཤི་བོ་ཏུན10ལ་ཉེ་བ་ས་འོག་ཏུ་བཅུག་པ་རེད། ཁོ་ཚོ་མི་སྣ་ཉུང་བའི་ཅན་གྱིས་མི་བཅུ་རེ་ཚོ་ཆུང་རེ་བྱས་ནས་མཚོ་ངོགས་གཙང་དག་བྱས་ལ། ད་རུང་གཙང་དག་བྱེད་མ་ཐུབ་པའི་ས་ཁུལ་མང་བོ་ཡོད་པ་རེད། མཚོ་ངོགས་གཙང་དག་བྱེད་བཞིན་པའི་ཁྲིན་ཀྲི་མང་གིས་མཚོའི་ཕྱོགས་ལ་མཛུབ་སྟོན་བྱས་ནས་ཉ་ཤི་བོ་ཧ་ཅང་མང་བོ་རེད། ཁ་སང་གཙང་དག་བྱས་ཟིན་པའི་ས་ཁུལ་ན་དེ་རིང་ཡང་མང་པོ་འདུག་ཞེས་བཤད།

     གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཙང་དག་བྱེད་མ་ཐུབ་པའི་ཆུ་ངོགས་ན་ཉ་ཤི་རོ་མང་བོ་ཡོད་པ་དང་ལ་ལ་གཞན་གྱིས་ཟོས་ཡོད་ལ། ལ་ལ་རུལ་ཡོད། ད་རུང་མཚོ་ངོས་ན་ཁུར་ཡོད་པའི་ཉ་ཤི་རོ་མང་བོ་ཡོད་དེ། སྐྱུག་ལོག་པའི་དྲི་ངན་ཞིག་གང་ས་གང་ན་བྲོ་བཞིན་ཡོད། ཉ་རོ་འདྲེན་བཞིན་པའི་རླངས་འཁོར་ཁ་ལོ་བས་ཁོས་དེ་རིང་འདིའི་སྔོན་ལ་ཉ་རོ་རླངས་འཁོར8དྲངས་པ་ཡིན་ཞེས་བཤད།
     གནས་ཚུལ་འདི་འདྲ་ཞིག་བཟོས་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་རྒྱ་ཆེའི་མང་ཚོགས་ཀྱིས་གང་འདོད་དུ་ཉ་རིགས་མང་བོ་ཚེ་ཐར་བཏང་བ་དང་མཚོའི་ཐེག་ཚད་ལས་བརྒལ་བས་ཉ་མང་བོ་ཤི་བ་རེད། གཞན་ཞིག་ནི་ནགས་ཕག་མཚོ་ནི་དུས་ཚིགས་རང་བཞིན་ལྡན་པའི་མཚོ་ཞིག་ཡིན་པས། ལོ་རེའི་ཟླ་དྲུག་པ་ནས་ལོ་ཕྱི་མའི་ཟླ་བ་དང་བོའི་བར་མཚོ་ངོས་ཀྱི་གཞི་ཁྱོན་ཆེ་ལ་ཉ་རིགས་ཀྱི་བཟའ་ཆས་ཕུན་སུམ་ཚོགས་པ་རེད། འོན་ཀྱང་ཟླ་གཉིས་པ་ནས་ཟླ་གསུམ་པའི་བར་མཚོ་ངོས་ཀྱི་གཞི་ཁྱོན་ཕྱོགས་ཡོངས་ནས་ཆེ་ཆུང་དུ་འགྲོ་པས། ཉ་རིགས་ལ་དབྱང་དབུགས་ཀྱིས་མི་འདང་བའི་སྣ་ཚུལ་འབྱུང་ལ། དེ་མིན་ཆུའི་མགོ་ཁུངས་ལ་བཙོག་བསྒྱུར་ཚབ་ཆེན་ཐེབས་པས་ཉ་རིགས་མང་བོ་ཤི་བའི་སྣང་ཚུལ་འདི་བྱུང་བ་རེད།

     གསར་འགོད་པས་རྒྱུས་ལོན་བྱུང་ལྟར་ན་ལོ་གསར་གྱི་སྔོན་དང་བསྡུར་ན་ནགས་ཕག་མཚོའི་མཚོ་ངོས་རྨིད་གཉིས་དང་ཉེ་བ་ཞིག་མར་བབས་ཡོད་ལ། མཚོ་ངོས་ཀྱི་གཞི་ཁྱོན་ཡང་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་རེད། ནགས་ཆུའི་བཙོག་ཆུ་དང་མཐར་འཁོར་གྱི་གྲོང་ཚོ་ནས་ཕྱིར་བཏང་བའི་བཙོག་ཆུ་སོགས་ཐར་ཀར་མཚོ་ནང་དུ་བཞུར་བཞིན་ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ་ནགས་ཕག་མཚོའི་བརླན་སའི་སྲུང་སྐྱོབ་ལ་ཤུགས་སྣོན་ཆེན་པོ་བྱས་པ་ཡིན་མོད། འོན་ཀྱང་ཆུ་མགོའི་བདག་དམ་གཞི་རྩའི་སྟེང་ནས་ཐག་གཅོད་ཐུབ་མེད། དེ་ཡང་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་རྡལ་ཅན་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ནགས་ཕག་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཡང་དཀའ་ཁག་གསར་བ་ཞིག་ལ་འཕྲད་ཡོད།
     ཁྲིན་ཀྲི་མིང་གིས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ནས་ནགས་ཕག་མཚོའི་སྲུང་སྐྱོབ་དེ་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དྲིལ་བསྒྲགས་རྒྱ་ཆེ་བྱས་ནས། ཧུར་བརྩོན་གྱིས་མཚོ་ངོས་ཀྱི་མཐོ་ཚད་སྙོམས་སྒྲིག་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་སྦག་བཙོག་ཇེ་ཉུང་དུ་བཏང་སྟེ། ནགས་ཕག་མཚོའི་བརླན་སའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་འདོད་སྤེལ་ཐུབ་པ་བྱེད་དགོས། མི་སྔར་ང་ཚོས་ནགས་ཕག་མཚོའི་མཚོ་ངོས་དང་མཚོ་འགྲམ་གྱི་ཉ་རོ་ཡོད་ཚད་གཙང་དག་བྱེད་རྒྱུ་ཡིན་ཞེས་བཤད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...