སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་འབའ་རྫོང་གི་གནས་རི་དགེ་བསྙེན་རབ་གཟིགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-28 10:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དགེ་བསྙེན་རབ་གཟིགས་ནི་གནས་རི་ཞིག་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ14ཡི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3300ལྷག་ཡོད་ཅིང༌།  འབའ་ཡི་མཐོན་པོ་བཅུ་གསུམ་གྱི་གྲས་ཡིན་ལ། དགེ་བསྙེན་རི་བོ་ཆེའང་ཟེར། ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། སྔོན་ཆད་ཨ་རིག་དགེ་བཤེས་ཆེན་མོས་འབའ་མདོ་གཡས་འཁྱིལ་ནས་སྒྲུབ་པ་ཉམས་བཞེས་ལ་གཞོལ་བའི་དུས་སུ། གནས་དེར་ཀྱལ་རྟའི་ནགས་རྫུབ་ཀྱིས་ཁེབས་ཏེ་ཉམས་དགའ་བར་འདུག་པ་གཟིགས་ནས། དེ་གར་དགོན་པ་ཞིག་བཏབ་ན་འོས་དགོངས་ཀྱང་ཆུའི་འཇིགས་པ་ཆེ་ཕྱིར། ཕྱིས་སུ་རྭ་རྒྱ་ས་ཆ་ནས་བཀྲ་ཤིས་འབྱུང་གནས་ཞེས་པའི་དགོན་པ་དེ་བཏབ།  དེར་བཞུགས་རིང་ལ་ལྷའི་དགེ་བསྙེན་ཡིན་ཟེར་བའི་མི་མ་ཡིན་པ་ཞིག་གིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཅིང་ཐོག་འཕངས་ཏེ། ཁོང་གི་སྒྲུབ་པ་ལ་བར་ཆད་བྱེད་པར་གཟས་ཚེ། ཁོང་གིས་ཐོག་གཟན་ཁུག་ལ་བཟུང་ནས་མི་མ་ཡིན་དེ་དམ་ལ་བཏགས་ཤིང་། ཁོ་ལ་རྨ་ཆུའི་རབ་ཁར་གཟིགས་ནས་ཕྱོགས་དེའི་སེམས་ཅན་སྲུང་སྐྱོབ་བྱེད་དགོས་པར་བཀའ་བསྒོས་པས། དེ་ནས་བཟུང་གནས་རི་འདིའི་མིང་ལའང་དགེ་བསྙེན་རབ་གཟིགས་སུ་ཐོགས་སོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...