སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་སའི་ཕྱོགས་བཞིར་གནས་པའི་ཁྱད་དུ་འཕགས་པའི་རི་བཞི།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-9 11:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ལྷ་སའི་མཐའ་སྐོར་གྱི་རི་བོའི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གསལ་བར་ཡོད་པའི་ནང་ཚན་ནུབ་ཏུ་གཉྫིའི་སྟེང་དུ་དུང་ཕོར་བཞག་པ་ལྟ་བུ་ཞེས་པ་དེ་སྟག་བྲག་རི་ཁྲོད་གནས་ཡུལ་བྲང་ཕུའི་བྱང་ངོས་རི་སྟེང་དུ་ཡོད་པ་དང་། བྲང་ཕུའི་བྲག་ལ་འཁོར་ལོ་ཞེས་གསལ་བ་ཡང་གོང་གསལ་དུང་གི་རི་མོ་ཡོད་པའི་ནུབ་ངོས་ཀྱི་བྲག་ལྡེབས་སུ་ཁ་ཤར་ལ་བལྟས་ནས་ཡོད་པ་དང་། གདོང་དཀར་གྱི་བྲག་ལ་པདྨ་ཞེས་པ་དེ་གདོང་དཀར་གྲོང་ཚོའི་རྒྱབ་ཀྱི་རིའི་ལྡེབས་སུ་ཡོད། ཡུག་པའི་རི་ལ་དཔལ་བེའུ་ཞེས་པ་ནི་ར་མ་སྒང་གི་ལྷོ་ནུབ་ཀྱི་རི་ངོས་སུ་གསལ་བ་བཅས་དང་། གཞན་ཡང་ནུབ་ཤུན་གྱི་བྲག་ལ་བདུད་ནག་པོ་བྱ་ར་ལྟ་བུ་ཞེས་པ་ནི་གདོང་དཀར་གྱི་བྲག་ཟང་ཟིང་དེ་ཡིན་ཟེར་སྲོལ་ཡོད། ལྷོ་ནུབ་ཏུ་སྡིག་པ་ཟན་ལ་རུབ་པ་འདྲ་བ་ཟེར་བ་དེ་ཡང་ར་མ་སྒང་གི་ནུབ་ངོས་སུ་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...